Difference between revisions of "མཁན་པོ་ལྷག་པ་ཡེ་ཤེས། Khenpo Lhakpa Yeshi"

From Buddha-Nature
(Created page with "__FORCETOC__ ===གསུང་བཤད་པའི་རྣམ་ཐར་སྙིང་བསྡུས། Brief Speaker Profile=== བལ་ཡུལ་གོར་ཁ་...")

(6 intermediate revisions by one other user not shown)
Line 4: Line 4:

===གཏམ་བཤད་བཅུད་དོན། Abstract===

===གཏམ་བཤད་བཅུད་དོན། Abstract===
མཁན་པོ་ལྷག་པ་ཡེ་ཤེས་ཀྱི་གཏམ་བཤད་བཅུད་དོན།

གང་ཞིག་གླེང་བར་བྱ་བ་ནི་མ་འོངས་སངས་རྒྱས་དྲུག་པ་སེང་གེའི་རྣམ་འཕྲུལ་དུ་རྩོད་མེད་ཡོངས་སུ་གྲགས་པ་མཚན་བརྗོད་པར་དཀའ་བ་རྗེ་བཙུན་ཀརྨ་པ་མི་བསྐྱོད་རྡོ་རྗེའི་ཞལ་སྔ་ནས་ཀྱིས་ཟབ་རྒྱས་མདོ་སྔགས་ཀྱི་ཆོས་ཚུལ་མཐའ་ཀླས་པར་གསུངས་པ་ལས་བཀའ་འཁོར་ཐ་མའི་དགོངས་པ་ངེས་དོན་དབུ་མ་ཆེན་པོའི་ལུགས་དབང་བཙན་པར་བྱས་ནས་བདེ་གཤེགས་སྙིང་པོའི་ལྟ་གྲུབ་དགོངས་བཞེད་དང་ཉམས་ལེན་ཕྱག་བཞེས་ཇི་ལྟར་གསུངས་ཡོད་པ་མདོར་ཙམ་སྨོས་པ་ལ། ཐོག་མར་འདི་བཤད་པར་འདོད་དེ། རྗེ་བཙུན་དེའི་ཞལ་སྔ་ནས། ཕྱག་རྒྱ་ཆེན་པོ་འདིའི་དངོས་བསྟན་མདོ་ལུགས་ཀྱི་སྤྲོས་བྲལ་སྟོང་པ་ཉིད་ཀྱི་དབུ་མ་དང་། ཤུགས་ལས་མདོ་སྔགས་ཀྱི་ཟབ་དོན་མཐར་ཐུག་བདེ་གཤེགས་སྙིང་པོ་ཐུན་མོང་དང་ཐུན་མོང་མིན་པའང་སྟོན་པ་ལ་དགོངས་ནས། མཉམ་མེད་སྒམ་པོ་པ་སོགས་བཀའ་བརྒྱུད་གོང་མ་རྣམས་ཀྱི་ཞལ་ནས། འོ་སྐོལགྱི་ཕྱག་རྒྱ་ཆེན་པོའི་གཞུང་འདི་ནི་བཅོམ་ལྡན་འདས་བྱམས་པས་མཛད་པའི་ཐེག་པོ་ཆེན་པོ་རྒྱུད་བླ་མའི་བསྟན་བཅོས་འདི་ཡིན་ནོ། །ཞེས་གསུངས་སོ་ཞེས་བཀའ་བསྩལ་བས་ན་ཀརྨ་བཀའ་བརྒྱུད་ཀྱི་སྙིང་པོའི་རིང་ལུགས་དྲི་མ་མེད་པ་འཛིན་མཁན་གྱི་སྐྱེས་བུ་དམ་པ་ཡོད་རྒུ་ཅོག་དབྱངས་གཅིག་མགྲིན་གཅིག་ཏུ་གཞན་སྟོང་དབུ་མའམ་བདེ་གཤེགས་སྙིང་པོ་སྨྲ་བའི་ལུགས་ཉིད་གཙོ་བོར་བཞེད་དོ། །ཞེས་མཚམས་སྦྱོར་གྱི་ཚུལ་དུ་བརྗོད་ནས། ད་ནི་བཤད་བྱ་དངོས་དེ་ '''༡༽སྙིང་པོ་ཡོད་པའི་སྒྲུབ་བྱེད། ༢༽སྙིང་པོའི་ངོ་བོ་བསྟན་པ། ༣༽དྲི་མ་སྦྱོང་བའི་ལམ་ལ་བརྩོན་ཚུལ། ༤༽སྙིང་པོ་ལ་དྲི་མས་སྒྲིལ་ཚུལ་དཔེེས་བསྟན་པ། ༥༽བདེ་གཤེགས་སྙིང་པོ་བསྟན་པའི་དགོས་པ་བཤད་པ། ༦༽མི་བསྐྱོད་རྒྱལ་བའི་སྙིང་པོའི་ལྟ་གྲུབ་སྟོན་པའི་གསུང་རྩོམ་ཁག་'''སྟེ་དོན་ཚན་དྲུག་གི་སྒོ་ནས་འཆད་པ་ལ་དེ་ཡང་རྫོགས་པའི་སངས་རྒྱས་མི་བསྐྱོད་རྒྱལ་བ་དེས་འདི་ལྟར་བཞེད་དེ།

'''ཀ༽སྙིང་པོ་ཡོད་པའི་སྒྲུབ་བྱེད།'''

'''༡༽ རྫོགས་སངས་འཕྲོ་བ།'''

'''༢༽དེ་བཞིན་ཉིད་ལ་དབྱེ་བ་མེད་པ།'''

'''༣༽སངས་རྒྱས་ཀྱི་རིགས་ཡོད་པ།'''

'''ཁ༽སྙིང་པོའི་ངོ་བོ་བསྟན་པ།'''

'''༡༽གཙང་བདག་རྟག་བདེའི་ངོ་བོར་བསྟན་པ།'''

'''༢༽འཁོར་འདས་དབྱེར་མེད་ཀྱི་ངོ་བོར་བསྟན་པ།'''

'''ག༽དྲི་མ་སྦྱོང་བའི་ལམ་ལ་བརྩོན་ཚུལ།'''

'''ང༽སྙིང་པོ་ལ་དྲི་མས་སྒྲིལ་ཚུལ་དཔེེས་བསྟན་པ།'''

'''ཅ༽བདེ་གཤེགས་སྙིང་པོ་བསྟན་པའི་དགོས་པ་བཤད་པ།'''

'''ཆ༽མི་བསྐྱོད་རྒྱལ་བའི་སྙིང་པོའི་ལྟ་གྲུབ་སྟོན་པའི་གསུང་རྩོམ་ཁག །'''

སྙིང་པོ་དམ་པ་བརྗོད་པ་མི་བསྐྱོད་དགོངས་རྒྱན་གྱི་གཏམ་བཤད་བཅུད་དོན་བཞུགས།

གློ་བུར་སེམས་ཀྱིས་རྟོགས་པ་དང་བྲལ་གཞི་འབྲས་ཀུན་ཏུ་མི་བསྐྱོད་པའི། །

དབྱིངས་རིག་དབྱེར་མེད་རྟག་བརྟན་ཐེར་ཟུག་ཡེ་ཤེས་རྡོ་རྗེའི་རིག་བྱ་ཉིད། །

གསང་བ་བས་ཀྱང་ཤིན་ཏུ་གསང་བ་ངེས་དོན་མཐར་ཐུག་ཆོས་ཚུལ་འདི། །

གསལ་མཛད་ཐུབ་དབང་ཀླུ་ཐོགས་ཞབས་དང་བཀའ་བརྒྱུད་ཡིད་བཞིན་ནོར་བུར་འདུད། །

རྫོགས་པའི་སངས་རྒྱས་མི་གཟུགས་སུ་བྱོན་རྗེ་བཙུན་དབྱངས་ཅན་སྙན་པའི་སྡེའི། །

ཐུགས་མཚོ་ལས་བྱུང་ངེས་དོན་མཐར་ཐུག་དབུ་མ་ཆེན་པོའི་བཞེད་སྲོལ་འདི། །

བདག་བློར་བསྐལ་ཀྱང་རྗེ་བཙུན་ཉིད་ལ་མོས་གུས་དྲག་པོས་གསོལ་བཏབ་སྟེ། །

རང་གཞན་ཀུན་ལ་ཕན་དུ་རེ་བའི་བསམ་པ་བཟང་པོས་དགོད་པར་བྱ། །

ཞེས་སྐྱབས་ཀྱི་མཆོག་གྱུར་རྣམས་ལ་ངེས་དོན་ཟབ་མོའི་དོན་རྗེས་སུ་དྲན་བཞིན་དུ་ཟོལ་མེད་ཀྱི་བློས་མཆོད་ཚིག་གི་མེ་ཏོག་སྔུན་དུ་གཏོར་ནས་བཀྲིས་བདེ་ལེགས་ཀྱི་སྒོ་ཡངས་པོར་ཕྱེ་སྟེ། སྐབས་འདིར་གང་ཞིག་གླེང་བར་བྱ་བ་ནི་མ་འོངས་སངས་རྒྱས་དྲུག་པ་སེང་གེའི་རྣམ་འཕྲུལ་དུ་རྩོད་མེད་ཡོངས་སུ་གྲགས་པ་མཚན་བརྗོད་པར་དཀའ་བ་རྗེ་བཙུན་ཀརྨ་པ་མི་བསྐྱོད་རྡོ་རྗེའི་ཞལ་སྔ་ནས་ཀྱིས་ཟབ་རྒྱས་མདོ་སྔགས་ཀྱི་ཆོས་ཚུལ་མཐའ་ཀླས་པར་གསུངས་པ་ལས་བཀའ་འཁོར་ལོ་ཐ་མའི་དགོངས་པ་ངེས་དོན་དབུ་མ་ཆེན་པོའི་ལུགས་དབང་བཙན་པར་བྱས་ནས་བདེ་གཤེགས་སྙིང་པོའི་ལྟ་གྲུབ་དགོངས་བཞེད་དང་ཉམས་ལེན་ཕྱག་བཞེས་ཇི་ལྟར་གསུངས་ཡོད་པ་མདོར་ཙམ་སྨོས་པ་ལ། ཐོག་མར་འདི་བཤད་པར་འདོད་དེ། རྗེ་བཙུན་དེའི་ཞལ་སྔ་ནས། ཕྱག་རྒྱ་ཆེན་པོ་འདིའི་དངོས་བསྟན་མདོ་ལུགས་ཀྱི་སྤྲོས་བྲལ་སྟོང་པ་ཉིད་ཀྱི་དབུ་མ་དང་། ཤུགས་ལས་མདོ་སྔགས་ཀྱི་ཟབ་དོན་མཐར་ཐུག་བདེ་གཤེགས་སྙིང་པོ་ཐུན་མོང་དང་ཐུན་མོང་མིན་པའང་སྟོན་པ་ལ་དགོངས་ནས། མཉམ་མེད་སྒམ་པོ་པ་སོགས་བཀའ་བརྒྱུད་གོང་མ་རྣམས་ཀྱི་ཞལ་ནས། འོ་སྐོལགྱི་ཕྱག་རྒྱ་ཆེན་པོའི་གཞུང་འདི་ནི་བཅོམ་ལྡན་འདས་བྱམས་པས་མཛད་པའི་ཐེག་པོ་ཆེན་པོ་རྒྱུད་བླ་མའི་བསྟན་བཅོས་འདི་ཡིན་ནོ། །ཞེས་གསུངས་སོ་ཞེས་བཀའ་བསྩལ་བས་ན་ཀརྨ་བཀའ་བརྒྱུད་ཀྱི་སྙིང་པོའི་རིང་ལུགས་དྲི་མ་མེད་པ་འཛིན་མཁན་གྱི་སྐྱེས་བུ་དམ་པ་ཡོད་རྒུ་ཅོག་དབྱངས་གཅིག་མགྲིན་གཅིག་ཏུ་གཞན་སྟོང་དབུ་མའམ་བདེ་གཤེགས་སྙིང་པོ་སྨྲ་བའི་ལུགས་ཉིད་གཙོ་བོར་བཞེད་དོ། །ཞེས་མཚམས་སྦྱོར་གྱི་ཚུལ་དུ་བརྗོད་ནས། ད་ནི་བཤད་བྱ་དངོས་དེ་ ༡༽སེམས་ཅན་ལ་སྙིང་པོ་ཡོད་པའི་སྒྲུབ་བྱེད། དེ་ལའང་དང་པོ་རྫོགས་སངས་འཕྲོ་བའི་རྒྱུ་མཚན། གཉིས་པ་དེ་བཞིན་ཉིད་ལ་དབྱེ་བ་མེད་པའི་རྒྱུ་མཚན། གསུམ་པ་སངས་རྒྱས་ཀྱི་རིགས་ཡོད་པའི་རྒྱུ་མཚན་གྱིས་སྒྲུབ་པ་སྟེ། ཐ་མ་དེ་ལའང་དངོས་དང་། ཞར་བྱུང་དང་པོ་འཁོར་ལོ་གསུམ་ཀར་གཤེགས་སྙིང་བསྟན་པ་སྟེ། འཁོར་ལོ་དང་བར་གཉིས་སུ་སངས་རྒྱས་ཀྱི་རྒྱུར་མགོ་སྨོས་པའི་ཚུལ་གྱིས་བསྟན་ཅིང་། འཁོར་ལོ་ཐ་མར་མདོའི་དབང་དུ་ན་ཆོས་དབྱིངས་འོད་གསལ་ལམ་དབྱིངས་རིག་དབྱེར་མེད་བརྟེན་པ་སེམས་ཀྱི་གཤེགས་སྙིང་དང་། སྔགས་ཀྱི་དབང་དུ་རྟེན་ལུས་ཀྱི་ཆ་རྩ་རླུང་ཐིག་གསུམ་སྟེ་མདོར་ན་ཤིན་ཏུ་ཕྲ་བའི་རླུང་སེམས་དབྱེར་མེད་པ་ཆ་མེད་ཀུན་འགྲོ་རིགས་མེད་པ་གཤེགས་སྙིང་དུ་བསྟན་པས་རྡོ་རྗེ་ཐེག་པར་གཤེགས་སྙིང་གི་ལུས་ཡོངས་སུ་རྫོགས་པ་བསྟན་པར་བཞེད་ཚུལ།  གཉིས་པ་ངེས་པའི་དོན་དུ་གཤེགས་སྙིང་ལ་རྒྱུ་འབྲས་མཚན་ཉིད་པ་ཞིག་ཡོད་ནས་དེའི་རྣམ་གཞག་བྱས་པ་མ་ཡིན་པའི་ཚུལ་བཤད་པ། གསུམ་པ་སེམས་ཅན་ལ་སྙིང་པོ་ཡོད་པའི་ཚུལ་བསྟན་པའོ། །༢༽སྙིང་པོའི་ངོ་བོ་བསྟན་པ། དེ་ལའང་དང་པོ་གཙང་བདག་རྟག་བདེའི་ངོ་བོར་བསྟན་པ་དངོས་དང་། བྱེ་བྲག་ཏུ་རྟག་པ་དང་འདུས་མ་བྱས་སུ་བསྟན་པའི་དོན་འཆད་པ། དམ་པ་བཞིའི་ངོ་བོར་གྱུར་པའི་སྙིང་པོ་དེ་ཉིད་རང་ངོ་མི་སྟོང་པར་བསྟན་པ། གཞི་དུས་ནས་ཡོད་པའི་སྙིང་པོ་དྲི་མ་དང་བྲལ་ནས་མངོན་དུ་གྱུར་པའི་བྱང་ཆུབ་བམ་དེ་བཞིན་གཤེགས་པ་རྟག་པ་དང་འདུས་མ་བྱས་པ་དེ་ལ་ཡོན་ཏན་ཕྲིན་ལས་སོགས་རང་གཞན་གྱི་དོན་རྒྱ་ཆེན་པོའི་བྱེད་པ་དང་ལྡན་པར་བཤད་པས་བྱ་བྱེད་ལས་གསུམ་ཡོད་པར་བཞེད་ཚུལ། གཉིས་པ་སྙིང་པོ་དེ་འཁོར་འདས་དབྱེར་མེད་ཀྱི་ངོ་བོར་བསྟན་པ་དང་། ཞར་ལ་སྙིང་པོ་དེ་ཀུན་རྫོབ་པའི་དངོས་པོར་མ་གྲུབ་ཀྱང་དོན་དམ་པའི་དངོས་པོར་གྲུབ་པར་བསྟན་པའོ། །༣༽དྲི་མ་སྦྱོང་བའི་ལམ་ལ་བརྩོན་ཚུལ། ༤༽སྙིང་པོ་ལ་དྲི་མས་སྒྲིལ་ཚུལ་དཔེེས་བསྟན་པ། ༥༽བདེ་གཤེགས་སྙིང་པོ་བསྟན་པའི་དགོས་པ་བཤད་པ། ༦༽མི་བསྐྱོད་རྒྱལ་བའི་སྙིང་པོའི་ལྟ་གྲུབ་སྟོན་པའི་གསུང་རྩོམ་ཁག་སྟེ་དོན་ཚན་དྲུག་གི་སྒོ་ནས་ཞུ་རྒྱུ་ལགས་ན། རྒྱས་པ་དཔྱད་རྩོམ་མི་བསྐྱོད་དགོངས་རྒྱན་ཉིད་ལ་གཟིགས་པར་ཞུ་ཞེས་འབོད་བསྐུལ་དང་བཅས་ཏེ། སླར་སྨྲས་པ། བདག་ནི་ཉེས་ཕུང་བདག་ཉིད་ཕྱིར། །རྒྱལ་བའི་དགོངས་དོན་འཆད་ཐབས་བྲལ། །འོན་ཏེ་རང་བཟོས་མ་བསླད་པར། །རྒྱལ་བའི་གསུང་རབ་རྒྱ་མཚོ་ལས། །སྙིང་པོའི་ལྟ་གྲུབ་བསྟན་པའི་དོན། །ཇི་ལྟར་གསུང་བཞིན་ཟུར་བཀོལ་ཏེ། །སྡེ་ཚན་དྲུག་ཏུ་རྣམ་པར་དབྱེ། །ཉེས་འགལ་མཆིས་ན་བདག་གི་ནོངས། །མཁས་པའི་སྤྱན་སྔར་བཟོད་གསོལ་ཏེ། །འདིར་འབད་དགེ་རྩ་རང་གཞན་ཀུན། །སྙིང་པོ་དམ་པ་རྟོགས་ཕྱིར་བསྔོ། །ཞེས་པ་འདི་ཡང་ཆོས་གླེང་གོ་སྒྲིག་ཚོགས་པའི་གསུང་ལྟར་གུས་ལྷག་པ་ཡེ་ཤེས་ནས་རང་གི་བཤད་བྱའི་དོན་ཚན་གཙོ་བོ་དག་ཟུར་དུ་ཕྱུང་ནས་འདིར་བཀོད་པ་ལགས་སོ།། །།

===དཔྱད་རྩོམ་རྒྱས་པ། Full Paper===

===དཔྱད་རྩོམ་རྒྱས་པ། Full Paper===

[[Media:Khenpo_Lhakpa_Yeshe-2023-BNConferncePaper.pdf|དཔྱད་རྩོམ་ཕབ་ཞུས་/Download Paper]]

Latest revision as of 21:03, 31 May 2023

གསུང་བཤད་པའི་རྣམ་ཐར་སྙིང་བསྡུས། Brief Speaker Profile[edit]

བལ་ཡུལ་གོར་ཁ་རྫོང་ཁོངས་གུ་རུའི་སྦས་གནས་སྐྱིད་མོ་ལུང་། རྗེ་བཙུན་མི་ལས་གཙོས་བཀའ་རྙིང་གི་མཁས་གྲུབ་དུ་མས་ཞབས་ཀྱིས་བཅགས་པའི་ནུབ་རིའི་ཡུལ་དུ་སྤྱི་ལོ་ ༡༩༩༢ ་ལོར་འཁྲུངས། དགུང་ལོ་ ༩ ་བར་ཁྱིམ་ལ་བཞུགས་ཏེ་སྤྱི་ལོ་ ༢༠༠༡ ་དགུང་ལོ་ ༡༠ ་པ་ལ། བལ་ཡུལ་རང་བྱུང་མཆོད་རྟེན་ཆེན་མོའི་ཉེ་ཞོལ་དུ་ཡོད་པའི་བྱེས་ཀྱི་བན་ཆེན་གདན་སར་རྗེ་བཙུན་སངས་རྒྱས་མཉན་པ་དང་ ༸ སྐྱབས་རྗེ་ཞིང་གཤེགས་བསྟན་དགའ་རིན་པོ་ཆེ་རྣམ་གཉིས་ཀྱི་ཞབས་ལ་གཏུགས། ༸ སྐྱབས་རྗེ་བསྟན་དགའ་རིན་པོ་ཆེ་ལས་རབ་ཏུ་བྱུང་ཞིང་ཕྱིས་དགེ་ཚུལ་སློང་གི་སྡོམ་པ་ཡང་རྗེ་དེ་ཉིད་ལས་ཞུས། དགོན་པར་ཞུགས་ནས་ཡི་གེ་འབྲི་ཀློག་ནས་བཟུང་བརྡ་སྤྲོད་རིག་པ་དང་། གྲུབ་མཐའ། ཐར་རྒྱན། སྤྱོད་འཇུག ཁྱད་པར་མར་ལུགས་རྒྱུད་སྡེའི་ཆོ་ག་ཆོས་སྤྱོད་སོགས་ལ་གསན་བསམ་མཛད། སྤྱི་ལོ་ ༢༠༠༧ ་རང་ལོ་བཅུ་དྲུག་གི་སྐབས་རྗེ་བཙུན་སངས་རྒྱས་མཉན་པས་བལ་ཡུལ་བན་ཆེན་བཤད་གྲྭ་ནང་བསྟན་ཐོས་བསམ་གླིང་ཕྱག་བཏབ་པའི་ནང་དུ་སློབ་ཕྲུག་ཐོག་མའི་གྲས་སུ་འཛུལ་ནས། དུས་ཡུན་ལོ་བཅུ་གཉིས་ཀྱི་རིང་གཙོ་བོ་མདོ་ཕྱོགས་གཞུང་ཆེན་བཀའ་པོད་ལྔ་དང་ཆོས་འབྱུང་རིག་གནས་བཅས་ལ་ཐོས་བསམ་སློབ་གཉེར་མཛད། སྤྱི་ལོ་ ༢༠༡༨ ་ལ་སློབ་པ་མཐར་སོན་ནས་ད་ལྟ་བཤད་གྲྭར་སློབ་ཁྲིད་སོགས་གནང་བཞིན་པ་ལགས།།

གཏམ་བཤད་བཅུད་དོན། Abstract[edit]

མཁན་པོ་ལྷག་པ་ཡེ་ཤེས་ཀྱི་གཏམ་བཤད་བཅུད་དོན།

སྙིང་པོ་དམ་པ་བརྗོད་པ་མི་བསྐྱོད་དགོངས་རྒྱན་གྱི་གཏམ་བཤད་བཅུད་དོན་བཞུགས།
གློ་བུར་སེམས་ཀྱིས་རྟོགས་པ་དང་བྲལ་གཞི་འབྲས་ཀུན་ཏུ་མི་བསྐྱོད་པའི། །
དབྱིངས་རིག་དབྱེར་མེད་རྟག་བརྟན་ཐེར་ཟུག་ཡེ་ཤེས་རྡོ་རྗེའི་རིག་བྱ་ཉིད། །
གསང་བ་བས་ཀྱང་ཤིན་ཏུ་གསང་བ་ངེས་དོན་མཐར་ཐུག་ཆོས་ཚུལ་འདི། །
གསལ་མཛད་ཐུབ་དབང་ཀླུ་ཐོགས་ཞབས་དང་བཀའ་བརྒྱུད་ཡིད་བཞིན་ནོར་བུར་འདུད། །
རྫོགས་པའི་སངས་རྒྱས་མི་གཟུགས་སུ་བྱོན་རྗེ་བཙུན་དབྱངས་ཅན་སྙན་པའི་སྡེའི། །
ཐུགས་མཚོ་ལས་བྱུང་ངེས་དོན་མཐར་ཐུག་དབུ་མ་ཆེན་པོའི་བཞེད་སྲོལ་འདི། །
བདག་བློར་བསྐལ་ཀྱང་རྗེ་བཙུན་ཉིད་ལ་མོས་གུས་དྲག་པོས་གསོལ་བཏབ་སྟེ། །
རང་གཞན་ཀུན་ལ་ཕན་དུ་རེ་བའི་བསམ་པ་བཟང་པོས་དགོད་པར་བྱ། །
ཞེས་སྐྱབས་ཀྱི་མཆོག་གྱུར་རྣམས་ལ་ངེས་དོན་ཟབ་མོའི་དོན་རྗེས་སུ་དྲན་བཞིན་དུ་ཟོལ་མེད་ཀྱི་བློས་མཆོད་ཚིག་གི་མེ་ཏོག་སྔུན་དུ་གཏོར་ནས་བཀྲིས་བདེ་ལེགས་ཀྱི་སྒོ་ཡངས་པོར་ཕྱེ་སྟེ། སྐབས་འདིར་གང་ཞིག་གླེང་བར་བྱ་བ་ནི་མ་འོངས་སངས་རྒྱས་དྲུག་པ་སེང་གེའི་རྣམ་འཕྲུལ་དུ་རྩོད་མེད་ཡོངས་སུ་གྲགས་པ་མཚན་བརྗོད་པར་དཀའ་བ་རྗེ་བཙུན་ཀརྨ་པ་མི་བསྐྱོད་རྡོ་རྗེའི་ཞལ་སྔ་ནས་ཀྱིས་ཟབ་རྒྱས་མདོ་སྔགས་ཀྱི་ཆོས་ཚུལ་མཐའ་ཀླས་པར་གསུངས་པ་ལས་བཀའ་འཁོར་ལོ་ཐ་མའི་དགོངས་པ་ངེས་དོན་དབུ་མ་ཆེན་པོའི་ལུགས་དབང་བཙན་པར་བྱས་ནས་བདེ་གཤེགས་སྙིང་པོའི་ལྟ་གྲུབ་དགོངས་བཞེད་དང་ཉམས་ལེན་ཕྱག་བཞེས་ཇི་ལྟར་གསུངས་ཡོད་པ་མདོར་ཙམ་སྨོས་པ་ལ། ཐོག་མར་འདི་བཤད་པར་འདོད་དེ། རྗེ་བཙུན་དེའི་ཞལ་སྔ་ནས། ཕྱག་རྒྱ་ཆེན་པོ་འདིའི་དངོས་བསྟན་མདོ་ལུགས་ཀྱི་སྤྲོས་བྲལ་སྟོང་པ་ཉིད་ཀྱི་དབུ་མ་དང་། ཤུགས་ལས་མདོ་སྔགས་ཀྱི་ཟབ་དོན་མཐར་ཐུག་བདེ་གཤེགས་སྙིང་པོ་ཐུན་མོང་དང་ཐུན་མོང་མིན་པའང་སྟོན་པ་ལ་དགོངས་ནས། མཉམ་མེད་སྒམ་པོ་པ་སོགས་བཀའ་བརྒྱུད་གོང་མ་རྣམས་ཀྱི་ཞལ་ནས། འོ་སྐོལགྱི་ཕྱག་རྒྱ་ཆེན་པོའི་གཞུང་འདི་ནི་བཅོམ་ལྡན་འདས་བྱམས་པས་མཛད་པའི་ཐེག་པོ་ཆེན་པོ་རྒྱུད་བླ་མའི་བསྟན་བཅོས་འདི་ཡིན་ནོ། །ཞེས་གསུངས་སོ་ཞེས་བཀའ་བསྩལ་བས་ན་ཀརྨ་བཀའ་བརྒྱུད་ཀྱི་སྙིང་པོའི་རིང་ལུགས་དྲི་མ་མེད་པ་འཛིན་མཁན་གྱི་སྐྱེས་བུ་དམ་པ་ཡོད་རྒུ་ཅོག་དབྱངས་གཅིག་མགྲིན་གཅིག་ཏུ་གཞན་སྟོང་དབུ་མའམ་བདེ་གཤེགས་སྙིང་པོ་སྨྲ་བའི་ལུགས་ཉིད་གཙོ་བོར་བཞེད་དོ། །ཞེས་མཚམས་སྦྱོར་གྱི་ཚུལ་དུ་བརྗོད་ནས། ད་ནི་བཤད་བྱ་དངོས་དེ་ ༡༽སེམས་ཅན་ལ་སྙིང་པོ་ཡོད་པའི་སྒྲུབ་བྱེད། དེ་ལའང་དང་པོ་རྫོགས་སངས་འཕྲོ་བའི་རྒྱུ་མཚན། གཉིས་པ་དེ་བཞིན་ཉིད་ལ་དབྱེ་བ་མེད་པའི་རྒྱུ་མཚན། གསུམ་པ་སངས་རྒྱས་ཀྱི་རིགས་ཡོད་པའི་རྒྱུ་མཚན་གྱིས་སྒྲུབ་པ་སྟེ། ཐ་མ་དེ་ལའང་དངོས་དང་། ཞར་བྱུང་དང་པོ་འཁོར་ལོ་གསུམ་ཀར་གཤེགས་སྙིང་བསྟན་པ་སྟེ། འཁོར་ལོ་དང་བར་གཉིས་སུ་སངས་རྒྱས་ཀྱི་རྒྱུར་མགོ་སྨོས་པའི་ཚུལ་གྱིས་བསྟན་ཅིང་། འཁོར་ལོ་ཐ་མར་མདོའི་དབང་དུ་ན་ཆོས་དབྱིངས་འོད་གསལ་ལམ་དབྱིངས་རིག་དབྱེར་མེད་བརྟེན་པ་སེམས་ཀྱི་གཤེགས་སྙིང་དང་། སྔགས་ཀྱི་དབང་དུ་རྟེན་ལུས་ཀྱི་ཆ་རྩ་རླུང་ཐིག་གསུམ་སྟེ་མདོར་ན་ཤིན་ཏུ་ཕྲ་བའི་རླུང་སེམས་དབྱེར་མེད་པ་ཆ་མེད་ཀུན་འགྲོ་རིགས་མེད་པ་གཤེགས་སྙིང་དུ་བསྟན་པས་རྡོ་རྗེ་ཐེག་པར་གཤེགས་སྙིང་གི་ལུས་ཡོངས་སུ་རྫོགས་པ་བསྟན་པར་བཞེད་ཚུལ། གཉིས་པ་ངེས་པའི་དོན་དུ་གཤེགས་སྙིང་ལ་རྒྱུ་འབྲས་མཚན་ཉིད་པ་ཞིག་ཡོད་ནས་དེའི་རྣམ་གཞག་བྱས་པ་མ་ཡིན་པའི་ཚུལ་བཤད་པ། གསུམ་པ་སེམས་ཅན་ལ་སྙིང་པོ་ཡོད་པའི་ཚུལ་བསྟན་པའོ། །༢༽སྙིང་པོའི་ངོ་བོ་བསྟན་པ། དེ་ལའང་དང་པོ་གཙང་བདག་རྟག་བདེའི་ངོ་བོར་བསྟན་པ་དངོས་དང་། བྱེ་བྲག་ཏུ་རྟག་པ་དང་འདུས་མ་བྱས་སུ་བསྟན་པའི་དོན་འཆད་པ། དམ་པ་བཞིའི་ངོ་བོར་གྱུར་པའི་སྙིང་པོ་དེ་ཉིད་རང་ངོ་མི་སྟོང་པར་བསྟན་པ། གཞི་དུས་ནས་ཡོད་པའི་སྙིང་པོ་དྲི་མ་དང་བྲལ་ནས་མངོན་དུ་གྱུར་པའི་བྱང་ཆུབ་བམ་དེ་བཞིན་གཤེགས་པ་རྟག་པ་དང་འདུས་མ་བྱས་པ་དེ་ལ་ཡོན་ཏན་ཕྲིན་ལས་སོགས་རང་གཞན་གྱི་དོན་རྒྱ་ཆེན་པོའི་བྱེད་པ་དང་ལྡན་པར་བཤད་པས་བྱ་བྱེད་ལས་གསུམ་ཡོད་པར་བཞེད་ཚུལ། གཉིས་པ་སྙིང་པོ་དེ་འཁོར་འདས་དབྱེར་མེད་ཀྱི་ངོ་བོར་བསྟན་པ་དང་། ཞར་ལ་སྙིང་པོ་དེ་ཀུན་རྫོབ་པའི་དངོས་པོར་མ་གྲུབ་ཀྱང་དོན་དམ་པའི་དངོས་པོར་གྲུབ་པར་བསྟན་པའོ། །༣༽དྲི་མ་སྦྱོང་བའི་ལམ་ལ་བརྩོན་ཚུལ། ༤༽སྙིང་པོ་ལ་དྲི་མས་སྒྲིལ་ཚུལ་དཔེེས་བསྟན་པ། ༥༽བདེ་གཤེགས་སྙིང་པོ་བསྟན་པའི་དགོས་པ་བཤད་པ། ༦༽མི་བསྐྱོད་རྒྱལ་བའི་སྙིང་པོའི་ལྟ་གྲུབ་སྟོན་པའི་གསུང་རྩོམ་ཁག་སྟེ་དོན་ཚན་དྲུག་གི་སྒོ་ནས་ཞུ་རྒྱུ་ལགས་ན། རྒྱས་པ་དཔྱད་རྩོམ་མི་བསྐྱོད་དགོངས་རྒྱན་ཉིད་ལ་གཟིགས་པར་ཞུ་ཞེས་འབོད་བསྐུལ་དང་བཅས་ཏེ། སླར་སྨྲས་པ། བདག་ནི་ཉེས་ཕུང་བདག་ཉིད་ཕྱིར། །རྒྱལ་བའི་དགོངས་དོན་འཆད་ཐབས་བྲལ། །འོན་ཏེ་རང་བཟོས་མ་བསླད་པར། །རྒྱལ་བའི་གསུང་རབ་རྒྱ་མཚོ་ལས། །སྙིང་པོའི་ལྟ་གྲུབ་བསྟན་པའི་དོན། །ཇི་ལྟར་གསུང་བཞིན་ཟུར་བཀོལ་ཏེ། །སྡེ་ཚན་དྲུག་ཏུ་རྣམ་པར་དབྱེ། །ཉེས་འགལ་མཆིས་ན་བདག་གི་ནོངས། །མཁས་པའི་སྤྱན་སྔར་བཟོད་གསོལ་ཏེ། །འདིར་འབད་དགེ་རྩ་རང་གཞན་ཀུན། །སྙིང་པོ་དམ་པ་རྟོགས་ཕྱིར་བསྔོ། །ཞེས་པ་འདི་ཡང་ཆོས་གླེང་གོ་སྒྲིག་ཚོགས་པའི་གསུང་ལྟར་གུས་ལྷག་པ་ཡེ་ཤེས་ནས་རང་གི་བཤད་བྱའི་དོན་ཚན་གཙོ་བོ་དག་ཟུར་དུ་ཕྱུང་ནས་འདིར་བཀོད་པ་ལགས་སོ།། །།

དཔྱད་རྩོམ་རྒྱས་པ། Full Paper[edit]

དཔྱད་རྩོམ་ཕབ་ཞུས་/Download Paper