Difference between revisions of "མཁན་པོ་ལྷག་པ་ཡེ་ཤེས། Khenpo Lhakpa Yeshi"

From Buddha-Nature
(Created page with "__FORCETOC__ ===གསུང་བཤད་པའི་རྣམ་ཐར་སྙིང་བསྡུས། Brief Speaker Profile=== བལ་ཡུལ་གོར་ཁ་...")
 
Line 19: Line 19:
 
'''ཅ༽བདེ་གཤེགས་སྙིང་པོ་བསྟན་པའི་དགོས་པ་བཤད་པ།'''<br>
 
'''ཅ༽བདེ་གཤེགས་སྙིང་པོ་བསྟན་པའི་དགོས་པ་བཤད་པ།'''<br>
 
'''ཆ༽མི་བསྐྱོད་རྒྱལ་བའི་སྙིང་པོའི་ལྟ་གྲུབ་སྟོན་པའི་གསུང་རྩོམ་ཁག །'''<br>
 
'''ཆ༽མི་བསྐྱོད་རྒྱལ་བའི་སྙིང་པོའི་ལྟ་གྲུབ་སྟོན་པའི་གསུང་རྩོམ་ཁག །'''<br>
 
 
 
  
 
===དཔྱད་རྩོམ་རྒྱས་པ། Full Paper===
 
===དཔྱད་རྩོམ་རྒྱས་པ། Full Paper===
 
[[Media:Khenpo_Lhakpa_Yeshe-2023-BNConferncePaper.pdf|དཔྱད་རྩོམ་ཕབ་ཞུས་/Download Paper]]
 
[[Media:Khenpo_Lhakpa_Yeshe-2023-BNConferncePaper.pdf|དཔྱད་རྩོམ་ཕབ་ཞུས་/Download Paper]]

Revision as of 04:07, 29 May 2023

གསུང་བཤད་པའི་རྣམ་ཐར་སྙིང་བསྡུས། Brief Speaker Profile[edit]

བལ་ཡུལ་གོར་ཁ་རྫོང་ཁོངས་གུ་རུའི་སྦས་གནས་སྐྱིད་མོ་ལུང་། རྗེ་བཙུན་མི་ལས་གཙོས་བཀའ་རྙིང་གི་མཁས་གྲུབ་དུ་མས་ཞབས་ཀྱིས་བཅགས་པའི་ནུབ་རིའི་ཡུལ་དུ་སྤྱི་ལོ་ ༡༩༩༢ ་ལོར་འཁྲུངས། དགུང་ལོ་ ༩ ་བར་ཁྱིམ་ལ་བཞུགས་ཏེ་སྤྱི་ལོ་ ༢༠༠༡ ་དགུང་ལོ་ ༡༠ ་པ་ལ། བལ་ཡུལ་རང་བྱུང་མཆོད་རྟེན་ཆེན་མོའི་ཉེ་ཞོལ་དུ་ཡོད་པའི་བྱེས་ཀྱི་བན་ཆེན་གདན་སར་རྗེ་བཙུན་སངས་རྒྱས་མཉན་པ་དང་ ༸ སྐྱབས་རྗེ་ཞིང་གཤེགས་བསྟན་དགའ་རིན་པོ་ཆེ་རྣམ་གཉིས་ཀྱི་ཞབས་ལ་གཏུགས། ༸ སྐྱབས་རྗེ་བསྟན་དགའ་རིན་པོ་ཆེ་ལས་རབ་ཏུ་བྱུང་ཞིང་ཕྱིས་དགེ་ཚུལ་སློང་གི་སྡོམ་པ་ཡང་རྗེ་དེ་ཉིད་ལས་ཞུས། དགོན་པར་ཞུགས་ནས་ཡི་གེ་འབྲི་ཀློག་ནས་བཟུང་བརྡ་སྤྲོད་རིག་པ་དང་། གྲུབ་མཐའ། ཐར་རྒྱན། སྤྱོད་འཇུག ཁྱད་པར་མར་ལུགས་རྒྱུད་སྡེའི་ཆོ་ག་ཆོས་སྤྱོད་སོགས་ལ་གསན་བསམ་མཛད། སྤྱི་ལོ་ ༢༠༠༧ ་རང་ལོ་བཅུ་དྲུག་གི་སྐབས་རྗེ་བཙུན་སངས་རྒྱས་མཉན་པས་བལ་ཡུལ་བན་ཆེན་བཤད་གྲྭ་ནང་བསྟན་ཐོས་བསམ་གླིང་ཕྱག་བཏབ་པའི་ནང་དུ་སློབ་ཕྲུག་ཐོག་མའི་གྲས་སུ་འཛུལ་ནས། དུས་ཡུན་ལོ་བཅུ་གཉིས་ཀྱི་རིང་གཙོ་བོ་མདོ་ཕྱོགས་གཞུང་ཆེན་བཀའ་པོད་ལྔ་དང་ཆོས་འབྱུང་རིག་གནས་བཅས་ལ་ཐོས་བསམ་སློབ་གཉེར་མཛད། སྤྱི་ལོ་ ༢༠༡༨ ་ལ་སློབ་པ་མཐར་སོན་ནས་ད་ལྟ་བཤད་གྲྭར་སློབ་ཁྲིད་སོགས་གནང་བཞིན་པ་ལགས།།

གཏམ་བཤད་བཅུད་དོན། Abstract[edit]

མཁན་པོ་ལྷག་པ་ཡེ་ཤེས་ཀྱི་གཏམ་བཤད་བཅུད་དོན།

གང་ཞིག་གླེང་བར་བྱ་བ་ནི་མ་འོངས་སངས་རྒྱས་དྲུག་པ་སེང་གེའི་རྣམ་འཕྲུལ་དུ་རྩོད་མེད་ཡོངས་སུ་གྲགས་པ་མཚན་བརྗོད་པར་དཀའ་བ་རྗེ་བཙུན་ཀརྨ་པ་མི་བསྐྱོད་རྡོ་རྗེའི་ཞལ་སྔ་ནས་ཀྱིས་ཟབ་རྒྱས་མདོ་སྔགས་ཀྱི་ཆོས་ཚུལ་མཐའ་ཀླས་པར་གསུངས་པ་ལས་བཀའ་འཁོར་ཐ་མའི་དགོངས་པ་ངེས་དོན་དབུ་མ་ཆེན་པོའི་ལུགས་དབང་བཙན་པར་བྱས་ནས་བདེ་གཤེགས་སྙིང་པོའི་ལྟ་གྲུབ་དགོངས་བཞེད་དང་ཉམས་ལེན་ཕྱག་བཞེས་ཇི་ལྟར་གསུངས་ཡོད་པ་མདོར་ཙམ་སྨོས་པ་ལ། ཐོག་མར་འདི་བཤད་པར་འདོད་དེ། རྗེ་བཙུན་དེའི་ཞལ་སྔ་ནས། ཕྱག་རྒྱ་ཆེན་པོ་འདིའི་དངོས་བསྟན་མདོ་ལུགས་ཀྱི་སྤྲོས་བྲལ་སྟོང་པ་ཉིད་ཀྱི་དབུ་མ་དང་། ཤུགས་ལས་མདོ་སྔགས་ཀྱི་ཟབ་དོན་མཐར་ཐུག་བདེ་གཤེགས་སྙིང་པོ་ཐུན་མོང་དང་ཐུན་མོང་མིན་པའང་སྟོན་པ་ལ་དགོངས་ནས། མཉམ་མེད་སྒམ་པོ་པ་སོགས་བཀའ་བརྒྱུད་གོང་མ་རྣམས་ཀྱི་ཞལ་ནས། འོ་སྐོལགྱི་ཕྱག་རྒྱ་ཆེན་པོའི་གཞུང་འདི་ནི་བཅོམ་ལྡན་འདས་བྱམས་པས་མཛད་པའི་ཐེག་པོ་ཆེན་པོ་རྒྱུད་བླ་མའི་བསྟན་བཅོས་འདི་ཡིན་ནོ། །ཞེས་གསུངས་སོ་ཞེས་བཀའ་བསྩལ་བས་ན་ཀརྨ་བཀའ་བརྒྱུད་ཀྱི་སྙིང་པོའི་རིང་ལུགས་དྲི་མ་མེད་པ་འཛིན་མཁན་གྱི་སྐྱེས་བུ་དམ་པ་ཡོད་རྒུ་ཅོག་དབྱངས་གཅིག་མགྲིན་གཅིག་ཏུ་གཞན་སྟོང་དབུ་མའམ་བདེ་གཤེགས་སྙིང་པོ་སྨྲ་བའི་ལུགས་ཉིད་གཙོ་བོར་བཞེད་དོ། །ཞེས་མཚམས་སྦྱོར་གྱི་ཚུལ་དུ་བརྗོད་ནས། ད་ནི་བཤད་བྱ་དངོས་དེ་ ༡༽སྙིང་པོ་ཡོད་པའི་སྒྲུབ་བྱེད། ༢༽སྙིང་པོའི་ངོ་བོ་བསྟན་པ། ༣༽དྲི་མ་སྦྱོང་བའི་ལམ་ལ་བརྩོན་ཚུལ། ༤༽སྙིང་པོ་ལ་དྲི་མས་སྒྲིལ་ཚུལ་དཔེེས་བསྟན་པ། ༥༽བདེ་གཤེགས་སྙིང་པོ་བསྟན་པའི་དགོས་པ་བཤད་པ། ༦༽མི་བསྐྱོད་རྒྱལ་བའི་སྙིང་པོའི་ལྟ་གྲུབ་སྟོན་པའི་གསུང་རྩོམ་ཁག་སྟེ་དོན་ཚན་དྲུག་གི་སྒོ་ནས་འཆད་པ་ལ་དེ་ཡང་རྫོགས་པའི་སངས་རྒྱས་མི་བསྐྱོད་རྒྱལ་བ་དེས་འདི་ལྟར་བཞེད་དེ། ཀ༽སྙིང་པོ་ཡོད་པའི་སྒྲུབ་བྱེད།
༡༽ རྫོགས་སངས་འཕྲོ་བ།
༢༽དེ་བཞིན་ཉིད་ལ་དབྱེ་བ་མེད་པ།
༣༽སངས་རྒྱས་ཀྱི་རིགས་ཡོད་པ།

ཁ༽སྙིང་པོའི་ངོ་བོ་བསྟན་པ།
༡༽གཙང་བདག་རྟག་བདེའི་ངོ་བོར་བསྟན་པ།
༢༽འཁོར་འདས་དབྱེར་མེད་ཀྱི་ངོ་བོར་བསྟན་པ།
ག༽དྲི་མ་སྦྱོང་བའི་ལམ་ལ་བརྩོན་ཚུལ།
ང༽སྙིང་པོ་ལ་དྲི་མས་སྒྲིལ་ཚུལ་དཔེེས་བསྟན་པ།
ཅ༽བདེ་གཤེགས་སྙིང་པོ་བསྟན་པའི་དགོས་པ་བཤད་པ།
ཆ༽མི་བསྐྱོད་རྒྱལ་བའི་སྙིང་པོའི་ལྟ་གྲུབ་སྟོན་པའི་གསུང་རྩོམ་ཁག །

དཔྱད་རྩོམ་རྒྱས་པ། Full Paper[edit]

དཔྱད་རྩོམ་ཕབ་ཞུས་/Download Paper