Difference between revisions of "མཁན་པོ་ཚེ་དབང་བསོད་ནམས། Khenpo Tshewang Sonam"
Line 5: | Line 5: | ||
===གཏམ་བཤད་བཅུད་དོན། Abstract=== | ===གཏམ་བཤད་བཅུད་དོན། Abstract=== | ||
<center>མཁན་པོ་ཚེ་དབང་བསོད་ནམས་ཀྱི་གཏམ་བཤད་བཅུད་དོན།</center> | <center>མཁན་པོ་ཚེ་དབང་བསོད་ནམས་ཀྱི་གཏམ་བཤད་བཅུད་དོན།</center> | ||
+ | |||
ཀ་དག་སྤྲོས་བྲལ་ནང་དབྱིངས་དང་། །ལྷུན་གྲུབ་འདུས་མ་བྱས་པའི་མདངས། །ཟུང་འཇུག་ཡེ་ཤེས་སེམས་དཔའི་སྐུ། །འཇམ་དཔལ་སྨྲ་བའི་སེང་གེར་འདུད། །ཅེས་མཆོད་པར་བརྗོད་པ་ཉུང་ངུས་ངག་ལམ་ཡངས་པར་ཕྱེ་ནས། དེང་གནས་དུས་སྟོན་འཁོར་ཕུན་སུམ་ཚོགས་ཏེ། འཁས་སྟག་སེངས་ཁྱུང་འབྲུག་ལྟ་བུ་ཚོགས་པའི་སྤྱན་སྔར། སྐྱེས་སྦྱངས་མཆེ་སྡེར་རྣོན་པོའི་སྤོབས་པ་དབེན་པའི་ཝ་རྒན་རང་ཡང་བགྲོ་གྲེང་གི་ཚོགས་རར་ལྷགས་པའི་སྐལ་བཟང་ཤར་བ་ལ་དད་གུས་སྤྲོ་གསུམ་གྱིས་གྲོས་གཞི་ཅུང་ཙམ་ཞུ་བ་ལ། སྤྱིར་རྒྱལ་བ་རྫོགས་པའི་སངས་རྒྱས་ཀྱི་ཆོས་ཀྱི་ཕུང་པོ་ཇི་སྙེད་གསུངས་པ་མཐའ་དག་གདུལ་བྱ་རྣམས་མངོན་མཐོ་ནས་གཤེགས་སྙིང་ཇི་རིགས་པར་རྟོགས་ནས་ངེས་ལེགས་བྱང་ཆུབ་གསུམ་ཐོབ་པའི་ཐབས་ཁོ་ནར་གསུངས་པ་སྟེ། དེ་ལ་བཀའ་བར་པ་ནས་ཤེར་ཕྱིན་དང་། མཐའ་མ་ནས་བདེ་གཤེགས་སྙིང་པོ། གསང་སྔགས་ནང་པ་སྤྱི་ནས་གཉུག་སེམས། ཨ་ཏི་ཡོ་ག་སོགས་ནས་རྫོགས་ཆེན་དང་། ཕྱག་ཆེན་སོགས་གསུངས་པ་ཐམས་ཅད་བདེ་གཤེགས་སྙིང་པོའི་མཚན་གྱི་རྣམ་གྲངས་ཙམ་སྟེ། རིག་འཛིན་འཇིགས་མེད་གླིང་པའི་ཞལ་ནས། རྒྱལ་བས་འཁོར་ལོ་བར་མཐའ་རྣམ་པ་གསུམ། །བསྟན་བྱའི་ངོ་བོ་སོ་སོ་རང་རིག་སྟེ། །སེམས་ཅན་ཁམས་ལ་བདེ་གཤེགས་སྙིང་པོ་རུ། །རང་བཞིན་བཞུགས་ལ་རྫོགས་པ་ཆེན་པོར་གྲགས། །ཞེས་གསུངས་པ་ལྟར་རོ།། དེས་ན་མདོ་མཚན་ཉིད་ཐེག་པ་ནས་ཕུང་པོ་རྣམ་དཔྱད་ཀྱི་རིགས་པས་གཤེགས་སྙིང་གི་སྟོང་ཉིད་གཏན་ལ་ཕབ་སྟེ་བསྒོམ་པས་རྟོགས་རིམ་བཞིན། ཉན་རང་བྱང་སེམས་གསུམ་གྱི་གོ་འཕང་ཐོབ། གསང་སྔགས་རྡོ་རྗེ་ཐེག་པའི་སྐབས་གཞི་ཁམས་བདེ་བར་གཤེགས་པའི་སྙིང་པོ་འདི་ཉིད་ཐབས་བསྐྱེད་རྫོགས་ལམ་གྱིས་གནད་དུ་བསྣུན་པ་ལས་གཤེགས་སྙིང་རྟོགས་པའི་ལྟ་བ་མངོན་དུ་གྱུར། རྫོགས་རིམ་ཡང་ཕ་རྒྱུད་པས་རྩ་རླུང་གཙོ་བོར་བཏོན་ཅིང་། མ་རྒྱུད་པས་ཐེག་ལེ་གཙོ་བོར་བཏོན་པའི་སྒོ་ནས་མཐར་ཐུག་དགོངས་པ་མངོན་དུ་གྱུར། གཉིས་མེད་རྒྱུད་སྡེ་སྤྱི་དང་། ཁྱད་པར་རྫོགས་ཆེན་སྐབས་མ་བཅོས་རང་བབ་ཀྱི་མན་ངག་གནད་དུ་བསྣུན་པ་ལ་བརྟེན་ནས་གཞི་རྒྱུད་བདེ་གཤེགས་སྙིང་པོའི་དགོངས་པ་མངོན་དུ་གྱུར་ཏེ་རང་འབྲས་མཐར་ཕྱིན་པ་ཡིན་ནོ། །ཚུལ་དེ་ལ་བརྟེན་སྔ་འགྱུར་རྙིང་མས་ཐེག་པ་རིག་པ་དགུའི་རྣམ་གཞག་བྱུང་བ་ཡིན་ལ། བོད་ཀྱི་ཆོས་བརྒྱུད་གཞན་གསུམ་ལའང་ཐེག་པ་རིམ་དགུའི་མིང་བཏགས་པའི་རྣམ་བཤད་མེད་ཀྱང་དོན་ལེགས་པར་ཚང་ནས་ཡོད་པ་ལགས།<br> | ཀ་དག་སྤྲོས་བྲལ་ནང་དབྱིངས་དང་། །ལྷུན་གྲུབ་འདུས་མ་བྱས་པའི་མདངས། །ཟུང་འཇུག་ཡེ་ཤེས་སེམས་དཔའི་སྐུ། །འཇམ་དཔལ་སྨྲ་བའི་སེང་གེར་འདུད། །ཅེས་མཆོད་པར་བརྗོད་པ་ཉུང་ངུས་ངག་ལམ་ཡངས་པར་ཕྱེ་ནས། དེང་གནས་དུས་སྟོན་འཁོར་ཕུན་སུམ་ཚོགས་ཏེ། འཁས་སྟག་སེངས་ཁྱུང་འབྲུག་ལྟ་བུ་ཚོགས་པའི་སྤྱན་སྔར། སྐྱེས་སྦྱངས་མཆེ་སྡེར་རྣོན་པོའི་སྤོབས་པ་དབེན་པའི་ཝ་རྒན་རང་ཡང་བགྲོ་གྲེང་གི་ཚོགས་རར་ལྷགས་པའི་སྐལ་བཟང་ཤར་བ་ལ་དད་གུས་སྤྲོ་གསུམ་གྱིས་གྲོས་གཞི་ཅུང་ཙམ་ཞུ་བ་ལ། སྤྱིར་རྒྱལ་བ་རྫོགས་པའི་སངས་རྒྱས་ཀྱི་ཆོས་ཀྱི་ཕུང་པོ་ཇི་སྙེད་གསུངས་པ་མཐའ་དག་གདུལ་བྱ་རྣམས་མངོན་མཐོ་ནས་གཤེགས་སྙིང་ཇི་རིགས་པར་རྟོགས་ནས་ངེས་ལེགས་བྱང་ཆུབ་གསུམ་ཐོབ་པའི་ཐབས་ཁོ་ནར་གསུངས་པ་སྟེ། དེ་ལ་བཀའ་བར་པ་ནས་ཤེར་ཕྱིན་དང་། མཐའ་མ་ནས་བདེ་གཤེགས་སྙིང་པོ། གསང་སྔགས་ནང་པ་སྤྱི་ནས་གཉུག་སེམས། ཨ་ཏི་ཡོ་ག་སོགས་ནས་རྫོགས་ཆེན་དང་། ཕྱག་ཆེན་སོགས་གསུངས་པ་ཐམས་ཅད་བདེ་གཤེགས་སྙིང་པོའི་མཚན་གྱི་རྣམ་གྲངས་ཙམ་སྟེ། རིག་འཛིན་འཇིགས་མེད་གླིང་པའི་ཞལ་ནས། རྒྱལ་བས་འཁོར་ལོ་བར་མཐའ་རྣམ་པ་གསུམ། །བསྟན་བྱའི་ངོ་བོ་སོ་སོ་རང་རིག་སྟེ། །སེམས་ཅན་ཁམས་ལ་བདེ་གཤེགས་སྙིང་པོ་རུ། །རང་བཞིན་བཞུགས་ལ་རྫོགས་པ་ཆེན་པོར་གྲགས། །ཞེས་གསུངས་པ་ལྟར་རོ།། དེས་ན་མདོ་མཚན་ཉིད་ཐེག་པ་ནས་ཕུང་པོ་རྣམ་དཔྱད་ཀྱི་རིགས་པས་གཤེགས་སྙིང་གི་སྟོང་ཉིད་གཏན་ལ་ཕབ་སྟེ་བསྒོམ་པས་རྟོགས་རིམ་བཞིན། ཉན་རང་བྱང་སེམས་གསུམ་གྱི་གོ་འཕང་ཐོབ། གསང་སྔགས་རྡོ་རྗེ་ཐེག་པའི་སྐབས་གཞི་ཁམས་བདེ་བར་གཤེགས་པའི་སྙིང་པོ་འདི་ཉིད་ཐབས་བསྐྱེད་རྫོགས་ལམ་གྱིས་གནད་དུ་བསྣུན་པ་ལས་གཤེགས་སྙིང་རྟོགས་པའི་ལྟ་བ་མངོན་དུ་གྱུར། རྫོགས་རིམ་ཡང་ཕ་རྒྱུད་པས་རྩ་རླུང་གཙོ་བོར་བཏོན་ཅིང་། མ་རྒྱུད་པས་ཐེག་ལེ་གཙོ་བོར་བཏོན་པའི་སྒོ་ནས་མཐར་ཐུག་དགོངས་པ་མངོན་དུ་གྱུར། གཉིས་མེད་རྒྱུད་སྡེ་སྤྱི་དང་། ཁྱད་པར་རྫོགས་ཆེན་སྐབས་མ་བཅོས་རང་བབ་ཀྱི་མན་ངག་གནད་དུ་བསྣུན་པ་ལ་བརྟེན་ནས་གཞི་རྒྱུད་བདེ་གཤེགས་སྙིང་པོའི་དགོངས་པ་མངོན་དུ་གྱུར་ཏེ་རང་འབྲས་མཐར་ཕྱིན་པ་ཡིན་ནོ། །ཚུལ་དེ་ལ་བརྟེན་སྔ་འགྱུར་རྙིང་མས་ཐེག་པ་རིག་པ་དགུའི་རྣམ་གཞག་བྱུང་བ་ཡིན་ལ། བོད་ཀྱི་ཆོས་བརྒྱུད་གཞན་གསུམ་ལའང་ཐེག་པ་རིམ་དགུའི་མིང་བཏགས་པའི་རྣམ་བཤད་མེད་ཀྱང་དོན་ལེགས་པར་ཚང་ནས་ཡོད་པ་ལགས།<br> | ||
ཟབ་གསང་ཆོས་ཀྱི་གནད་གཅིག་སྙིང་པོའི་དོན། །རྣམ་དག་བཤད་སྒྲུབ་གཉིས་ཀྱི་ཉམས་ལེན་མཐུས། །མཐའ་དག་སྒྲིབ་བྲལ་སྐུ་གསུམ་མངོན་གྱུར་ནས། །ཆོས་འཕྲུལ་རྣམ་བཞིས་འགྲོ་ཁམས་དོང་སྤྲུགས་ཤོག། །། | ཟབ་གསང་ཆོས་ཀྱི་གནད་གཅིག་སྙིང་པོའི་དོན། །རྣམ་དག་བཤད་སྒྲུབ་གཉིས་ཀྱི་ཉམས་ལེན་མཐུས། །མཐའ་དག་སྒྲིབ་བྲལ་སྐུ་གསུམ་མངོན་གྱུར་ནས། །ཆོས་འཕྲུལ་རྣམ་བཞིས་འགྲོ་ཁམས་དོང་སྤྲུགས་ཤོག། །། |
Revision as of 04:52, 29 May 2023
གསུང་བཤད་པའི་རྣམ་ཐར་སྙིང་བསྡུས། Brief Speaker Profile[edit]
འབྲུག་བུམ་ཐང་དུ་ཨུ་རའི་ཡུལ་དུ་འཁྲུངས་ཤིང་། ཆུང་དུས་ཝང་ཐང་དགོན་པའི་སྒོམ་སྡེ་ལ་ཞུགས་ཏེ་བཀའ་རྙིང་གི་ཆོག་འཕྲིན་སྐོར་སྦྱང་། བླ་མ་རྒྱལ་དབང་ཉི་མ་ལས་བརྡ་སྤྲོད་དང་སློབ་དཔོན་ནོར་བུ་དབང་ཕྱུག་ལས་རྩིས་གཞུང་ཞུས། སྤྱི་ལོ་ ༡༩༩༦ ལ་སྔ་འགྱུར་མཐོ་སློབ་སློབ་མདོ་སྔགས་རིག་པའི་འབྱུང་གནས་གླིང་གི་བཤད་གྲྭ་མཐར་སོན་ཅིང་ སྨྱོ་ཤུལ་མཁན་པོ་འཇམ་དབྱངས་རྡོ་རྗེ། ཡ་ཆེན་མཁན་པོ་ཨ་ཁྱུག དཔལ་ཡུལ་མཆོག་སྤྲུལ་ཐུབ་བཟང་སོགས་ནས་རྫོགས་ཆེན་གྱི་ཉམས་ཁྲིད་ཞུས་ཤིང་། སྤྱི་ལོ་ ༡༩༨༨ ་ལ་ཚངས་ཁ་རྩིས་གཞུང་སློབ་གྲྭའི་དགེ་རྒན་གནང་ཞིང་། སྤྱི་ལོ་ ༡༩༩༧ ལ་ ༧ སྐྱབས་རྗེ་པད་ནོར་རིན་པོ་ཆེའི་བཀའ་བཞིན། བྷིར་དཔལ་ཡུལ་ཆོས་འཁོར་གླིང་། དེ་ནས་རིམ་པར་ཁམས་དཔལ་ཡུལ་བཤད་གྲྭ་དང་། རྣམ་གྲོལ་གླིང་སྔ་འགྱུར་མཐོ་སློབ་ཆེན་པོའི་བཤད་གྲྭའི་ཚོགས་གཙོ་མཁན་པོའི་ལས་འགན་བསྣམས་ཤིང་། དེ་རྗེས་འབྲུག་ཡུལ་དུ་ ཁྲོམ་ཚོགས་དང་བརྙན་འཕྲིན་ཐོག་ཆོས་བཤད་དང་། དེ་བཞིན་སྔོན་འགྲོ། འཁྲུལ་འཁོར། བདེ་ཆེན་ཞིང་སྒྲུབ། སྒྲུབ་མཆོད་སོགས་ཆོས་ཐུན་གྲངས་མང་བཙུགས་ཤིང་། ལོ་གསུམ་རི་ཁྲོད་ཉུལ་བའི་རྗེས་སུ་ད་ལྟ་ཀློང་ཆེན་པའི་གདན་ས་འབྲུག་ཐར་པ་གླིང་གི་བསྟན་བདག་བླ་མའི་མཚན་གནས་བཞེས་ཏེ་བཞུགས། རྩོམ་གཞུང་ལ་ ཤེར་ཕྱིན་འགྲེལ་པ། དབུ་མ་འཇུག་འགྲེལ། དུས་གསུམ་རྣམ་བཞག བློ་རིག་དང་ འོད་ཆོག་སོགས་ཡོད།།
གཏམ་བཤད་བཅུད་དོན། Abstract[edit]
ཀ་དག་སྤྲོས་བྲལ་ནང་དབྱིངས་དང་། །ལྷུན་གྲུབ་འདུས་མ་བྱས་པའི་མདངས། །ཟུང་འཇུག་ཡེ་ཤེས་སེམས་དཔའི་སྐུ། །འཇམ་དཔལ་སྨྲ་བའི་སེང་གེར་འདུད། །ཅེས་མཆོད་པར་བརྗོད་པ་ཉུང་ངུས་ངག་ལམ་ཡངས་པར་ཕྱེ་ནས། དེང་གནས་དུས་སྟོན་འཁོར་ཕུན་སུམ་ཚོགས་ཏེ། འཁས་སྟག་སེངས་ཁྱུང་འབྲུག་ལྟ་བུ་ཚོགས་པའི་སྤྱན་སྔར། སྐྱེས་སྦྱངས་མཆེ་སྡེར་རྣོན་པོའི་སྤོབས་པ་དབེན་པའི་ཝ་རྒན་རང་ཡང་བགྲོ་གྲེང་གི་ཚོགས་རར་ལྷགས་པའི་སྐལ་བཟང་ཤར་བ་ལ་དད་གུས་སྤྲོ་གསུམ་གྱིས་གྲོས་གཞི་ཅུང་ཙམ་ཞུ་བ་ལ། སྤྱིར་རྒྱལ་བ་རྫོགས་པའི་སངས་རྒྱས་ཀྱི་ཆོས་ཀྱི་ཕུང་པོ་ཇི་སྙེད་གསུངས་པ་མཐའ་དག་གདུལ་བྱ་རྣམས་མངོན་མཐོ་ནས་གཤེགས་སྙིང་ཇི་རིགས་པར་རྟོགས་ནས་ངེས་ལེགས་བྱང་ཆུབ་གསུམ་ཐོབ་པའི་ཐབས་ཁོ་ནར་གསུངས་པ་སྟེ། དེ་ལ་བཀའ་བར་པ་ནས་ཤེར་ཕྱིན་དང་། མཐའ་མ་ནས་བདེ་གཤེགས་སྙིང་པོ། གསང་སྔགས་ནང་པ་སྤྱི་ནས་གཉུག་སེམས། ཨ་ཏི་ཡོ་ག་སོགས་ནས་རྫོགས་ཆེན་དང་། ཕྱག་ཆེན་སོགས་གསུངས་པ་ཐམས་ཅད་བདེ་གཤེགས་སྙིང་པོའི་མཚན་གྱི་རྣམ་གྲངས་ཙམ་སྟེ། རིག་འཛིན་འཇིགས་མེད་གླིང་པའི་ཞལ་ནས། རྒྱལ་བས་འཁོར་ལོ་བར་མཐའ་རྣམ་པ་གསུམ། །བསྟན་བྱའི་ངོ་བོ་སོ་སོ་རང་རིག་སྟེ། །སེམས་ཅན་ཁམས་ལ་བདེ་གཤེགས་སྙིང་པོ་རུ། །རང་བཞིན་བཞུགས་ལ་རྫོགས་པ་ཆེན་པོར་གྲགས། །ཞེས་གསུངས་པ་ལྟར་རོ།། དེས་ན་མདོ་མཚན་ཉིད་ཐེག་པ་ནས་ཕུང་པོ་རྣམ་དཔྱད་ཀྱི་རིགས་པས་གཤེགས་སྙིང་གི་སྟོང་ཉིད་གཏན་ལ་ཕབ་སྟེ་བསྒོམ་པས་རྟོགས་རིམ་བཞིན། ཉན་རང་བྱང་སེམས་གསུམ་གྱི་གོ་འཕང་ཐོབ། གསང་སྔགས་རྡོ་རྗེ་ཐེག་པའི་སྐབས་གཞི་ཁམས་བདེ་བར་གཤེགས་པའི་སྙིང་པོ་འདི་ཉིད་ཐབས་བསྐྱེད་རྫོགས་ལམ་གྱིས་གནད་དུ་བསྣུན་པ་ལས་གཤེགས་སྙིང་རྟོགས་པའི་ལྟ་བ་མངོན་དུ་གྱུར། རྫོགས་རིམ་ཡང་ཕ་རྒྱུད་པས་རྩ་རླུང་གཙོ་བོར་བཏོན་ཅིང་། མ་རྒྱུད་པས་ཐེག་ལེ་གཙོ་བོར་བཏོན་པའི་སྒོ་ནས་མཐར་ཐུག་དགོངས་པ་མངོན་དུ་གྱུར། གཉིས་མེད་རྒྱུད་སྡེ་སྤྱི་དང་། ཁྱད་པར་རྫོགས་ཆེན་སྐབས་མ་བཅོས་རང་བབ་ཀྱི་མན་ངག་གནད་དུ་བསྣུན་པ་ལ་བརྟེན་ནས་གཞི་རྒྱུད་བདེ་གཤེགས་སྙིང་པོའི་དགོངས་པ་མངོན་དུ་གྱུར་ཏེ་རང་འབྲས་མཐར་ཕྱིན་པ་ཡིན་ནོ། །ཚུལ་དེ་ལ་བརྟེན་སྔ་འགྱུར་རྙིང་མས་ཐེག་པ་རིག་པ་དགུའི་རྣམ་གཞག་བྱུང་བ་ཡིན་ལ། བོད་ཀྱི་ཆོས་བརྒྱུད་གཞན་གསུམ་ལའང་ཐེག་པ་རིམ་དགུའི་མིང་བཏགས་པའི་རྣམ་བཤད་མེད་ཀྱང་དོན་ལེགས་པར་ཚང་ནས་ཡོད་པ་ལགས།
ཟབ་གསང་ཆོས་ཀྱི་གནད་གཅིག་སྙིང་པོའི་དོན། །རྣམ་དག་བཤད་སྒྲུབ་གཉིས་ཀྱི་ཉམས་ལེན་མཐུས། །མཐའ་དག་སྒྲིབ་བྲལ་སྐུ་གསུམ་མངོན་གྱུར་ནས། །ཆོས་འཕྲུལ་རྣམ་བཞིས་འགྲོ་ཁམས་དོང་སྤྲུགས་ཤོག། །།