(Redirected from Timeline)
མདོ་སྡེ་རྒྱ་ཆེ་རོལ་པ་ལྟར་ན། སྟོན་པས་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་གོ་འཕང་ཐོབ་ནས། ཟབ་ཞི་སྤྲོས་བྲལ་འོད་གསལ་འདུས་མ་བྱས། །བདུད་རྩི་ལྟ་བུའི་ཆོས་ཞིག་ཁོ་བོས་བརྙེས། །ཞེས་སོགས་གསུངས་པར་འདོད། According to
The Play in Full, the Buddha is said to have reached perfect state of the enlightenment and declared:
"I have discovered the profound, peaceful, luminous, unconditioned nectar-like nature, which is free conceptual fabrications."
ཐེག་པ་ཆེན་པོའི་རྗེས་འབྲངས་རྣམས་ཀྱིས་དེ་བཞིན་གཤེགས་པའི་སྙིང་པོ་བསྟན་པའི་མདོ་རྣམས་སངས་རྒྱས་ཤཱཀྱ་ཐུབ་པས་བཀའ་འཁོར་ལོ་མཐའ་མའི་གྲལ་དུ་དུས་རབས་ ༥ ་པ་ཙམ་ལ་གསུངས་པར་འདོད། The adherents of the
Mahāyāna tradition believe that the historical Buddha
Śākyamuni taught the sūtras containing buddha-nature teachings as part of the third turning of the wheel in about the 5th century BCE.
ཨཾགུཏྟ་ར་ནི་ཀཱ་ཡ་ནས་ སེམས་ཀྱི་རང་བཞིན་འོད་གསལ་བ་གསུངས་ཡོད།
The Aṅguttaranikāya (translated as "Gradual Collection" or "Numerical Discourses"), the fourth of the five Nikāyas, or collections, in the Sutta Piṭaka, mentions the luminous nature of the mind.
མཁས་པ་མའི་ཁེལ་ར་དིཤ་ནས་དུས་རབས་ ༢ ་པར་བྱུང་བར་འདོད་པའི་མྱ་ངན་ལས་འདས་པ་ཆེན་པོའི་མདོ་ལས་དེ་བཞིན་གཤེགས་པའི་སྙིང་པོ་གསུངས་ཤིང་དེ་ལ་བདག་གི་ཐ་སྙད་སྦྱར་བ་བྱུང་།
The
Mahāparinirvāṇasūtra (which
Michael Radich dates as early as the 2nd century) mentions
tathāgathagarbha and uses the term
ātman to describe buddha-nature.
མཁས་པ་མའི་ཁེལ་ཟི་མར་མན་ལྟར་ན། དེ་བཞིན་གཤེགས་པའི་སྙིང་པོའི་མདོ་དང་། གཤེགས་སྙིང་བསྟན་པའི་མདོ་གཞན་རྣམས་ཀྱང་དར་ཞིང་སངས་རྒྱས་ཀྱི་ཁམས་དེ་བཞིན་གཤེགས་པའི་སྙིང་པོའི་ཐ་སྙད་རྒྱ་ཆེར་སྤེལ།
The
Tathāgatagarbhasūtra (as dated by
Michael Zimmermann) and other scriptures later considered as sūtras teaching
tathāgathagarbha were circulating and promoting the concept of buddha-nature.
སློབ་དཔོན་ཀླུ་སྒྲུབ་ནས་ཆོས་དབྱིངས་བསྟོད་པ་སོགས་བསྟོད་ཚོགས་བརྩམས་ནས་སངས་རྒྱས་ཀྱི་རིགས་འཁོར་འདས་ཀྱི་གཞི་ཡིན་པ་དང་ཁམས་དང་འོད་གསལ་བའི་སེམས་སོགས་ཐ་སྙད་བྱུང་ཞིང་། སྟོང་ཉིད་ཀྱིས་ཁམས་དེ་མི་བཀག་པར་གསུངས།
Nāgārjuna composes the
Dharmadhātustava and other hymnic writings and praises the sphere of reality as the basis of
saṃsāra and
nirvāṇa. He calls it "the element" and "luminous mind" and claims emptiness does not negate this nature.
དེ་བཞིན་གཤེགས་པའི་སྙིང་པོའི་མདོ་རྒྱ་ནག་སྐད་དུ་འགྱུར། སྒྱུར་མཁན་ཕ་ཇུ་ཡིན་པར་སྣང་།
The
Tathāgatagarbhasūtra is translated into Chinese, perhaps by
Faju.
ལྷ་མོ་དཔལ་ཕྲེང་གིས་ཞུས་པའི་མདོ་གཤེགས་སྙིང་བསྟན་པའི་མདོའི་ནང་ནས་ཕལ་ཆེར་དར་ཁྱབ་ཆེར་འགྱུར་ཡོད་པ་དེ་ཉིད། སེང་ཕ་ནིས་རྒྱ་ནག་གི་སྐད་ལ་འགྱུར་བས་བཤད། བདེ་གཤེགས་སྙིང་པོ་གློ་བུར་ཉོན་མོངས་པས་སྟོང་ཡང་རྣམ་དབྱེར་མེད་པའི་ཡོན་ཏན་གྱིས་མི་སྟོང་པར་གསུངས། The
Śrīmālādevīsiṃhanādanirdeśa (which may have been circulating as one of the most influential sūtras on buddha-nature) is said to have been translated into Chinese by Seng Fani. It claims buddha-nature "is empty of adventitious stains but not empty of its limitless inseparable qualities."
རྔ་བོ་ཆེའི་མདོ་ཡོན་ཏན་བཟང་པོས་རྒྱ་ནག་སྐད་དུ་གྱུར་བ་དེ་ཡིས། དེ་བཞིན་གཤེགས་པའི་སྙིང་པོ་ལ་ཆོས་སྐུའི་ཐ་སྙད་བཏགས་པ་དང་། ཇོ་ན་ཐན་སིལ་ཀི་ནས་དུས་རབས་ ༥ ་པའི་སྔོན་དུ་བྱུང་བར་འདོད་པའི་འཕེལ་བ་དང་འགྲིབ་པ་མེད་པའི་མདོ་ལས་སེམས་ཅན་བྱང་སེམས་དང་སངས་རྒྱས་ལ་མ་དག་པ་དང་། མ་དག་དག་པ་དང་། ཤིན་ཏུ་དག་པའི་གནས་སྐབས་གསུམ་དུ་སྦྱར་ནས་གསུངས།
The
Mahābherīsūtra (which was translated into Chinese by
Guṇabhadra) equates buddha-nature with the
dharmakāya. The
Anūnatvāpūrṇatvanirdeśaparivarta (which
Jonathan Silk dates to at least before the early 5th century) mentions how sentient beings, bodhisattvas, and buddhas are three phases of the buddha-nature being impure, partially obscured, and fully pure.
དགེ་རྒན་ཏ་ཀ་ས་ཀི་ནས་དཀོན་མཆོག་གི་རིགས་རྣམ་པར་འབྱེད་པའི་བསྟན་བཅོས་ཐེག་པ་ཆེན་པོ་རྒྱུད་བླ་མ་ཡོངས་གྲགས་བྱམས་པས་མཛད་པར་གྲགས་པ་དེ་བརྩམས་པ་དང་། རྒྱ་ནག་གི་ཁུངས་རྣམས་སུ་སྙིང་པོ་བློ་གྲོས་ཀྱིས་མཛད་པར་གྲགས།
According to
Takasaki, the
Ratnagotravibhāga, which Central Asian and Tibetan sources attribute to
Maitreya and Chinese sources attribute to
Sāramati, is composed.
དཀོན་མཆོག་གི་རིགས་རྣམ་པར་འབྱེད་པའམ་རྒྱུད་བླ་མ་འགྱུར་མཁན་རིན་ཆེན་བློ་གྲོས་རྒྱ་ནག་ལ་ཕེབས།
Ratnamati, who translated the
Ratnagotravibhāga into Chinese, travels to China.
ཏན་ཡན་ནས་ཐེག་པ་ཆེན་པོ་མོས་པ་བསྐྱེད་པའི་བསྟན་བཅོས་ཀྱི་འགྲེལ་པ་དང་པོ་བརྩམས། དེ་རྗེས་རྒྱ་ནག་ ནི་ཧོང་དང་ ཀོ་རི་ཡ་རྣམས་སུ་འགྲེལ་པ་ ༡༧༠ ལྷག་བརྩམས།
Tanyan writes the first commentary on the
Awakening of Faith, which was followed by some 170 other commentaries written in China, Japan, and Korea.
ཆོས་འཁོར་བསམ་ཡས་སུ་སློབ་དཔོན་ཀ་མ་ལ་ཤཱི་ལས་གཙོས་པའི་རྒྱ་གར་གྱི་རིམ་གྱིས་པ་དང་ཧ་ཤང་གིས་གཙོས་པའི་རྒྱ་ནག་གི་གཅིག་ཅར་བ་རྣམས་རྩོད་པ་མཛད།
The Great Samye Debate takes place between the Indian gradualists led by the Mādhyamika master
Kamalaśīla and Chinese subitists led by Chan monk
Heshang Moheyan (or Hashang Mahāyāna).
ཡེ་ཤེས་སྡེས་དེ་བཞིན་གཤེགས་པའི་སྙིང་པོའི་མདོ་དང་མྱ་ངན་ལས་འདས་པ་ཆེན་པོའི་མདོ་སོགས་གཤེགས་སྙིང་བསྟན་པའི་མདོ་རྣམས་བོད་སྐད་ཏུ་བསྒྱུར།
Yeshe De and others translate major buddha-nature sūtras such as the
Tathāgatagarbhasūtra and
Mahāparinirvāṇasūtra into Tibetan.
རྙིང་མའི་རྒྱུད་རྣམས་དར་ཞིང་ནང་རྒྱུད་གསུམ་དང་འབྲེལ་བའི་བདེ་གཤེགས་སྙིང་པོའི་བཤད་པ་འཕེལ་རྒྱས་བྱུང་། The Nyingma tantras spread in Tibet and enhanced the formulation of buddha-nature in the context of three inner tantric systems.
སཛྫ་ནའི་མེས་པོ་བྲམ་ཟེ་རིན་ཆེན་རྡོ་རྗེ་ནས་རྒྱུད་བླ་མའི་འགྲེལ་པ་མཛད་པར་འདོད།
Ratnavajra, grandfather of
Sajjana, is believed to have composed his commentary on the
Ultimate Continuum.
ཇོ་བོ་རྗེ་དང་ནག་ཚོ་ལོ་ཙཱ་བ་ཚུལ་ཁྲིམས་རྒྱལ་བས་རྒྱུད་བླ་མ་བོད་སྐད་དུ་བསྒྱུར།
Atiśa Dīpaṅkara and
Naktso Tsultrim Gyelwa translate the
Ratnagotravibhāga, or the
Ultimate Continuum, into Tibetan in Yerpa, Tibet.
རྔོག་བློ་ལྡན་ཤེས་རབ་དང་བཙན་ཁ་བོ་ཆེ་གཉིས་ཁ་ཆེར་ཕེབས་ནས་རྒྱུད་བླ་མས་གཙོས་པའི་བྱམས་ཆོས་རྣམས་ཞུས།
Ngok Loden Sherab and
Tsen Khawoche depart for Kashmir where they would receive teachings on the works of
Maitreya, including the
Ultimate Continuum, from
Sajjana.
རོང་ཟོམ་ཆོས་ཀྱི་བཟང་པོས་ཆོས་ཐམས་ཅད་རང་བཞིན་བདེ་གཤེགས་སྙིང་པོ་བྱང་ཆུབ་སེམས་སུ་བསྟན་པའི་བསྟན་བཅོས་ཐེག་ཆེན་ཚུལ་འཇུག་སོགས་བརྩམས།
Rongzom Chökyi Zangpo writes
Entering the Ways of Mahāyāna and other works to propound buddha-nature as the awakened nature of all phenomena.
བཙན་ཁ་བོ་ཆེ་དྲི་མེད་ཤེས་རབ་ཀྱིས་གཟུ་དགའ་བའི་རྡོ་རྗེ་ལོ་ཙཱ་བྱས་ཏེ་པཎྜི་ཏ་སཛྫ་ན་ནས་རྒྱུད་བླ་མའི་ཆོས་སྐོར་གསན་ནས་བོད་དུ་ཕེབས་ནས་བྱམས་ཆོས་སྒོམ་ལུགས་ཀྱི་འགོ་བཙུགས།
Tsen Khawoche Drime Sherab, who received teachings on the
Ultimate Continuum from
Sajjana with the help of
Zu Gawai Dorje as translator, returns to Tibet and teaches the
Ultimate Continuum, thereby starting the meditative tradition (སྒོམ་ལུགས་) of the
Ultimate Continuum.
བོད་དུ་དབུ་མ་ཐལ་འགྱུར་པའི་སྲོལ་འབྱེད་པ་ཚབ་ཉི་མ་གྲགས་པ་དང་། བོད་དུ་འཁོར་ལོ་སྡོམ་པ་སྤེལ་བ་གྲགས་པའི་མར་པ་དོ་པ་ཆོས་ཀྱི་དབང་ཕྱུག་གིས་རྒྱུད་བླ་མ་བོད་སྐད་དུ་བསྒྱུར།
Patsab Lotsāwa Nyima Drakpa, who introduced the Prāsaṅgika Madhyamaka tradition to Tibet, and
Marpa Dopa Chökyi Wangchuk, who is known for the transmission of
Cakrasaṃvara to Tibet, translate the
Ultimate Continuum.
ཡུ་མོ་བ་མི་བསྐྱོད་རྡོ་རྗེས་གསལ་སྒྲོན་བཞི་སོགས་མཛད་།
Yumowa Mikyö Dorje composes his treatises, including the Four Illuminating Lamps.
སྒམ་པོ་པས་འོ་ཅག་གི་ཕྱག་རྒྱ་ཆེན་པོའི་གཞུང་ནི་རྒྱལ་བ་བྱམས་པའི་རྒྱུད་བླ་མའི་བསྟན་བཅོས་འདི་ཡིན། ཞེས་གསུངས་པར་ཕྱིས་སུ་རྗེས་འབྲངས་རྣམས་ཀྱིས་འདོད།
His followers claim that
Gampopa declared "the text for our
Mahāmudrā is Buddha
Maitreya's
Ultimate Continuum."
ལྷོ་བྲག་དྷར་མ་སེང་གེས་རྒྱུད་བླ་མའི་འགྲེལ་པ་ཉི་འོད་གསལ་བ་མཛད།
Lhodrak Dharma Senge, for whom we do not have much information, composes his commentary on the
Ultimate Continuum entitled
Clear Sun Rays.
འབྲི་གུང་འཇིག་རྟེན་མགོན་པོ་རིན་ཆེན་དཔལ་གྱི་སློབ་མ་ཤེས་རབ་འབྱུང་གནས་ཀྱིས་དམ་ཆོས་དགོངས་པ་གཅིག་པ་རྡོ་རྗེའི་ཚིག་བརྒྱ་དང་ལྔ་བཅུ་དང་ལྷན་ཐབས་བཞི་བཅུ་ལྷག་ཡོད་པ་བརྩམས་ཏེ། འབྲི་གུང་པའི་གཞུང་གཙོ་བོ་རུ་གྱུར།
Sherab Jungne, the student of
Jikten Gönpo Rinchen Pel of Drigung, compiles the
Single Intention, containing the 150 vajra statements of his master, thus launching an important classic of the Drigung Kagyu school.
ས་སྐྱ་པཎ་ཆེན་ཀུན་དགའ་རྒྱལ་མཚན་ནས་སྡོམ་གསུམ་རབ་དབྱེ་མཛད་དེ་བོད་ཀྱི་གཤེགས་སྙིང་འདོད་པ་གཞན་བཀག་ནས་ཆོས་དབྱིངས་བདེ་གཤེགས་སྙིང་པོར་བསྟན།
Sakya Paṇḍita Kunga Gyaltsen critiques the other theories of buddha-nature and presents buddha-nature as an unchanging sphere of reality in his
Distinguishing the Three Vows. He argues that the buddha-nature sūtras teaching innate enlightenment are provisional teachings.
སྣར་ཐང་གི་གདན་རབས་བདུན་པ་མཁས་པ་ཆེན་པོ་མཆིམས་ནམ་མཁའ་གྲགས་ནས་རྒྱུད་བླ་མའི་འགྲེལ་པ་མཛད་ཀྱང་། ད་ལྟ་མཇལ་ཡུལ་དུ་མེད། The seventh abbot and great scholar of Nartang,
Chim Namkha Drak, composed a commentary on the
Ultimate Continuum, but it is not available today.
འགོས་ལོ་གཞོན་ནུ་དཔལ་ལྟར་ན་ཡར་ལུང་ལོ་ཙཱ་བ་གྲགས་པ་རྒྱལ་མཚན་གྱིས་རྒྱུད་བླ་མ་བསྒྱུར།
One
Yarlung Lotsāwa, according to
Gö Lotsāwa Zhönu Pal, is said to have translated the
Ultimate Continuum.
ཀརྨ་པ་གསུམ་པ་རང་བྱུང་རྡོ་རྗེ་ནས་དེ་བཞིན་གཤེགས་པའི་སྙིང་པོ་བསྟན་པའི་བསྟན་བཅོས། ཆོས་དབྱིངས་བསྟོད་པའི་འགྲེལ་པ་སོགས་གཤེགས་སྙིང་སྐོར་མཛད། The Third Karmapa
Rangjung Dorje composes his
Treatise on Pointing Out the Tathāgata Heart, a commentary on the
Dharmadhātustava, and other writings related to buddha-nature.
དོལ་པོ་པ་ཤེས་རབ་རྒྱལ་མཚན་ནས་གཞུང་གི་གཙོ་བོ་རི་ཆོས་ངེས་དོན་རྒྱ་མཚོ་ཐུན་མོང་མ་ཡིན་པའི་མན་ངག་སོགས་མཛད་དེ། བདེ་གཤེགས་སྙིང་པོ་གློ་བུར་སྒྲིབ་མས་སྟོང་ཡང་རང་གི་ངོ་བོས་མི་སྟོང་པར་སངས་རྒྱས་ཀྱི་ཡོན་ཏན་རང་ཆས་སུ་ཡོད་པའི་གཞན་སྟོང་དབུ་མའི་སྲོལ་རྒྱས་པར་ཕྱེ་ནས་ཇོ་མོ་ནང་མའི་ཚུལ་དར།
Dolpopa Sherab Gyaltsen writes his
tour de force Mountain Doctrine and many other works, and he spreads the Jonang tradition and expounds the philosophy of
zhentong, or "other-emptiness," in which conventional phenomena are empty of self-existence and buddha-nature is the ultimate absolute reality endowed with all qualities of the Buddha.
ཀློང་ཆེན་པ་དྲི་མེད་འོད་ཟེར་གྱིས་མཛོད་བདུན་དང་རང་གྲོལ་སྐོར་གསུམ་སོགས་མཛད་ནས་བདེ་གཤེགས་སྙིང་པོ་སེམས་ཀྱི་གནས་ལུགས་གསལ་སྟོང་གི་ཚུལ་དེ་བསྟན།
Longchenpa Drime Õzer composes his Seven Treasures, Trilogy of Relaxation, and Trilogy of Liberation, in which he presents buddha-nature as the empty luminous nature of the mind.
རྗེ་ཙོང་ཁ་པའི་བླ་མ་ཆོས་རྗེ་དོན་གྲུབ་རིན་ཆེན་གྱིས་རྒྱུད་བླ་མ་འགྲེལ་པ་རིན་པོ་ཆེའི་སྣང་བ་མཛད་ཅིང་། གཤེགས་སྙིང་གི་གོ་བའི་ཐད་འདོད་པ་འགའ་བཀག་ཅིང་། བཀག་པ་དེ་འདྲ་བ་ཕྱིས་སུ་དགེ་ལུགས་ནས་འཛིན་པར་སྣང་།
Dondrup Rinchen, the first teacher of
Tsongkhapa, composes his commentary on the
Ultimate Continuum called
Precious Light, in which he refutes certain interpretations of buddha-nature which were later adopted by the Geluk tradition.
བླ་མ་དམ་བསོད་ནམ་རྒྱལ་མཚན་གྱིས་རྒྱལ་མཚན་བཟང་པོ་ཡི་གེ་པ་བྱས་ཏེ། རྒྱུད་བླ་མའི་འགྲེལ་པ་དགོངས་པ་ངེས་གསལ་ས་བཅད་དང་བཅས་པ་མཛད་ཅིང་། ཕྱིས་སུ་ས་བཅད་ལོགས་སུ་ཕྱུང་ཡོད་ཅིང་། ས་པཎ་གྱི་དགོངས་པ་དང་མ་མཐུན་པ་ཡང་གསུངས་།
Lama Dampa Sönam Gyaltsen composes his commentary on the
Ultimate Continuum entitled
Definitive Clarification of the Intent, with Gyeltsen Zangpo as scribe. A
Synopsis containing a topical outline was also extracted later. He presents an interpretation different from the position of
Sapaṇ.
ཀརྨ་པ་རོལ་པའི་རྡོ་རྗེ་དང་དོན་ཞགས་སམ་མ་སེ་སྟོན་པ་རིན་ཆེན་བཟང་པོའི་སློབ་མ་མི་ཉག་ཡེ་ཤེས་རྡོ་རྗེ་ཡིས་རྒྱུད་བླ་མའི་འགྲེལ་པ་མཛད་ནས་གཞན་སྟོང་གི་ལྟ་བ་བསྟན།
Yeshe Dorje from Minyak, a student of 4th Karmapa
Rolpai Dorje and Donzhak (Mase Tönpa Rinchen Zangpo), writes his commentary on the
Ultimate Continuum,
A Treasury of Gems of the Definitive Meaning, highlighting the
zhentong view.
གྷ་རུང་པ་ལྷའི་རྒྱལ་མཚན་ནས་ནམ་མཁའ་མཛོད་ཀྱི་དབེན་གནས་སུ་དོལ་པོ་པའི་གཞན་སྟོང་གི་དགོངས་པ་དང་ས་བཟང་གི་ས་བཅད་ལ་བརྟེན་ནས་རྒྱུད་བླ་མའི་ཊཱིཀཱ་དེ་ཉིད་སྣང་བ་མཛད།
Gharungpa Lhai Gyaltsen writes his commentary on the
Ultimate Continuum,
Illumination of Reality, in Namkha Dzod hermitage following
Dolpopa's
zhentong tradition and
Sabzang's outline.
བཀའ་གདམས་པའི་བཤེས་གཉེན་དགེ་འདུན་འོད་ཟེར་གྱིས་རྒྱུད་བླ་མའི་རྣམ་བཤད་དོན་དམ་རྣམ་ངེས་བསྡུས་པའི་སྙིང་པོའི་སྙིང་པོ་མཛད་དེ་རིགས་པ་དང་གྲངས་ངེས་སོགས་བསྟན་པའི་སྒོ་ནས་བོད་འགྲེལ་ཚིག་མང་ལས་ལྷག་པར་འདོད་ཅིང་རྔོག་ལོའི་འགྱུར་མ་ཚད་པ་ཚབ་དང་ནག་ཚོའི་འགྱུར་ལ་ཡང་བརྟེན་ནས་བརྩམས།
Gendun Özer, a Kadampa master who is difficult to date, composes his outline and commentary on the
Ultimate Continuum,
Quintessential Essence of the Condensed Ultimate Definitive Meaning, claiming it to be different from the wordy commentaries from the past and presenting logical arguments, direct explanation, enumeration, etc., as requested by his students in central Tibet. He uses Ngok's translation but refers to Naktso and Patsap's translations also.
རྒྱལ་ཚབ་དར་མ་རིན་ཆེན་གྱིས་རྗེ་ཙོང་ཁ་པ་དང་རེད་མདའ་བ་གཉིས་ཀ་ནས་རྒྱུད་བླ་མ་ཞུས་ནས་གུང་རུ་རྒྱལ་མཚན་བཟང་པོས་བསྐུལ་བ་བཞིན་གནས་རྙིང་དུ་རྒྱུད་བླ་མའི་ཊཱི་ཀཱ་མཛད་དེ། ཕྱིས་སུ་དགེ་ལུགས་པའི་གཤེགས་སྙིང་གི་དགོངས་པའི་གཞི་རུ་གྱུར།
Gyaltsap Darma Rinchen, who received teachings on the
Ultimate Continuum from both
Rendawa and
Tsongkhapa, writes his
Commentary on the Ultimate Continuum, which came to influence the subsequent Gelukpa understanding of buddha-nature and its interpretation of the
Ultimate Continuum. The commentary was written at Nenying at the request of
Gungru Gyaltsen Zangpo.
ཇོ་ནང་ལོ་ཙཱ་བ་རྒྱུད་བླ་མ་འགྱུར་ལེགས་བཅོས་མཛད།
Jonang Lotsāwa improves the translation of the
Ultimate Continuum.
འབྲས་སྤུངས་ཀྱི་ཡིག་ཆ་མཁན་པོ་པཎ་ཆེན་བསོད་ནམས་གྲགས་པས་དགའ་ལྡན་ཟུར་ཁང་དུ་རྒྱལ་ཚབ་རྗེའི་ཊཱི་ཀཱ་དང་མཐུན་པའི་རྒྱུད་བླ་མའི་ཊཱི་ཀཱ་གནད་ཀྱི་ཟླ་འོད་མཛད།
Paṇchen Sönam Drakpa, the main author studied in Drepung Loseling, composes his commentary on the
Ultimate Continuum called
The Moonlight of the Crucial Points based on
Gyaltsap Je's commentary at Gaden Zurkhang.
སྟག་ལུང་ཆོས་རྗེ་ཞེས་པ་སྟག་ལུང་ཞབས་དྲུང་ངག་དབང་རྣམ་རྒྱལ་ཡིན་ནམ་མི་ཤེས་ཏེ། རྒྱུད་བླ་མའི་འགྲེལ་པ་མཛད་ནས་བོད་ཀྱི་དགོངས་པ་ལ་དགག་པ་མཛད།
One Taklung Chöje, perhaps
Taklung Zhabdrung Ngawang Namgyal, composes his commentary on the
Ultimate Continuum, in which he refutes various Tibetan interpretations.
འབྲུག་པ་བཀའ་བརྒྱུད་ཀྱི་བླ་མ་རྩེ་ལེ་སྣ་ཚོགས་རང་གྲོལ་ནས་བདེ་གཤེགས་སྙིང་པོ་དང་ཆོས་ཉིད་ཞེས་པ། དབུ་མ་དང་ཕྱག་ཆེན་རྫོགས་ཆེན་དང་སྦྱར་ཞིང་ཉམས་ལེན་དང་འབྲེལ་ནས་བཤད་པ་མཛད།
Tsele Natsok Rangdrol, a Drukpa Kagyu master, writes his
Vajra Convergence, a treatise on understanding buddha-nature and ultimate reality in the context of Madhyamaka, Mahāmudrā, and Dzogchen, particularly relating it to practical application.
གསང་ཆེན་རྙིང་མ་ཀཿ་ཐོག་པ་དགེ་རྩེ་པཎྜི་ཏ་འགྱུར་མེད་ཚེ་དབང་མཆོག་གྲུབ་ནས་གཤེགས་སྙིང་དང་དབུ་མའི་སྐོར་མཛད་ནས་གཞན་སྟོང་རྩལ་དུ་བཏོན།
Getse Mahāpaṇḍita Tsewang Chokdrup, a leading Nyingma master from Kaḥthog monastery, writes his exegesis on buddha-nature and the Great Middle Way entitled
Ornament of Sugatagarbha, highlighting the validity of
zhentong.
ཀོང་སྤྲུལ་བློ་གྲོས་མཐའ་ཡས་ཀྱིས་རྒྱུད་བླ་མའི་འགྲེལ་པ་ཕྱིར་མི་ལྡོག་པ་སེངྒེའི་ང་རོ་དང་གཞན་སྟོང་དབུ་མའི་ལྟ་ཁྲིད་རྡོ་རྗེ་ཟླ་བ་དྲི་མ་མེད་པའི་འོད་ཟེར་སོགས་མཛད།
Jamgön Kongtrul Lodrö Taye writes his experiential commentary on the
Ultimate Continuum, in which he presents the understanding of other-emptiness.
མི་ཕམ་རྣམ་རྒྱལ་རྒྱ་མཚོས་བདེ་གཤེགས་སྙིང་པོའི་སྟོང་ཐུན་སེང་གེའི་ང་རོ་མཛད་དེ་གསལ་སྟོང་ཟུང་འཇུག་གི་ཚུལ་རྩལ་དུ་བཏོན་ཅིང་། རྒྱུད་བླ་མའི་ཕྱག་ཟིན་གནང་བ་རྣམས་སྤྱི་ལོ་ ༡༩༢༥ ་ལ་སློབ་མ་འགའ་ནས་མཆན་འགྲེལ་གྱི་ཚུལ་དུ་བསྒྲིགས།
Mipam Namgyal Gyatso, the 19th-century Nyingma polymath, writes his exegesis on buddha-nature called
Lion's Roar and underscores his understanding of buddha-nature as a union of emptiness and luminosity. He also makes an
annotated commentary to the
Ultimate Continuum, which his students compiled in 1925.
ཛམ་ཐང་གི་ངག་དབང་ཚོགས་གཉིས་རྒྱ་མཚོས་གཤེགས་སྙིང་དང་གཞན་སྟོང་དབུ་མའི་ཕྱོགས་བསྒྲིགས་མཛད། འོན་ཀྱང་མཁས་པ་མའི་ཁེལ་ཤི་ཧི་ནས་ཁོང་གི་གཞང་སྟོང་ཡངས་ཤིང་རན་པ་ཡིན་པར་འདོད།
Ngawang Tsoknyi Gyatso, a Jonang scholar of Zamtang monastery, writes his treatises on buddha-nature explaining the
zhentong tradition of
Dolpopa, although
Michael Sheehy considers his understanding lenient and mild
zhentong.
ཉི་ཧོང་གི་མཁས་པ་ཇི་ཀི་དོ་ཏ་ཀ་ས་ཀི་ནས་རྒྱ་དཀར་ནག་ཏུ་དར་བའི་ནང་བསྟན་དུ་ཡོད་པའི་དེ་བཞིན་གཤེགས་པའི་སྙིན་པོའི་རྣམ་བཞག་སྐོར་དཔེ་དེབ་མང་དུ་བརྩམས།
Jikido Takasaki, a Japanese scholar, wrote many works on the theory of buddha-nature in the Indo-Chinese Buddhist tradition.
འབྲུག་གི་རྗེ་མཁན་པོ་དགེ་འདུན་རིན་ཆེན་ནས་ཕ་ཇོ་སྡིང་དུ་རྒྱུད་བླ་མའི་འགྲེལ་པ་རེན་ཆེན་སྒྲོན་མེ་མཛད།
The 69th Je Khenpo
Gendun Rinchen composes his commentary on the
Ultimate Continuum called
The Precious Lamp in Phajoding.
དམུ་དགེ་བསམ་གཏན་རྒྱ་མཚོས་བློ་བཟང་བཀྲ་ཤིས་ནས་བསྐུལ་བ་བཞིང་རྒྱུད་བླ་མའི་འགྲེལ་པ་ཐུབ་བསྟན་ཡར་རྒྱས་མཛད་ཀྱང་སྙུན་གཞིས་མཇུག་མ་རྫོགས་པར་ལུས།
Muge Samten Gyatso composes his commentary on the
Ultimate Continuum,
Flourishing of the Buddha's Teachings, as requested by one Lobzang Tashi, but the commentary is incomplete due to his illness.
ཉི་ཧོང་རྒྱལ་ཁབ་ཏུ་ སྤྱི་ལོ་ ༡༩༩༠ ་སྐོར་ལ་ཟན་སོ་ཏོའི་ཆོས་བརྒྱུད་བཟུང་པའི་མཁས་པ་ཧ་ཀ་ཡ་མ་ནོ་རི་ཡ་ཀི་དང་མ་ཚུ་མོ་ཏོ་ཤི་རོ་གཉིས་ནས་དེ་བཞིན་གཤེགས་པའི་སྙིང་པོའི་རྣམ་བཞག་ནང་པ་སངས་རྒྱས་པའི་ཆོས་ཚུལ་མིན་པའི་སྐོར་དགག་མཛད་ནས་རྩོད་གླེང་རྒྱ་ཆེར་བྱུང་། Around 1990, the Soto Zen scholars
Hakayama Noriaki and
Matsumoto Shiro critiqued the buddha-nature concept as non-Buddhist, which led to debates.
དགེ་བཤེས་ཐུབ་བསྟན་སྦྱིན་པས་བོད་ཀྱི་གཙུག་ལག་ཞིབ་དཔྱོད་ཁང་ནས་བདེ་གཤེགས་སྙིང་པོ་རིགས་ཀྱི་ཆོས་སྐོར་དཔར་བསྐྲུན་མཛད།
Geshe
Thubten Jinpa and Institute of Tibetan Classics publishes
Treatises on the Buddha-Nature, a collection that includes a history of buddha-nature theory in Tibet by Thupten Jinpa and seven texts influential in the development of buddha-nature teachings in Tibet.
ཙཱ་འདྲ་ཚོགས་པས་འགོ་འདྲེན་ཐོག་རྒྱལ་ས་ཝིན་ལ་ཨེ་ཤི་ཡའི་ཡུལ་གྲུ་ལ་བདེ་གཤེགས་སྙིང་པོ་ཞེས་པའི་ གཤེགས་སྙིང་གི་སྐོར་ལ་མཁས་པའི་བགྲོ་གླེང་བཙུགས།
Tathāgatagarbha Across Asia, a symposium in Vienna among academics and scholars, was held.
ཙཱ་འདྲ་ཚོགས་པ་ནས་བདེ་གཤེགས་སྙིང་པོའི་ཆོས་མཛོད་སྒོ་འབྱེད་མཛད་ཅིང་། བདེ་གཤེགས་སྙིང་པོ་ཐད་རྒྱལ་སྤྱིའི་མཁས་པ་དང་ཉམས་ལེན་པ་གདན་དྲངས་ནས་གྲོས་མུལ་ཟླ་རིམ་བཞིན་དུ་བཙུགས།
Tsadra Foundation's web resource on buddha-nature launches followed by a series of monthly discussions called
Conversations on Buddha-Nature.