This is a property of type Text.
Showing 20 pages using this property.
རང་བྱུང་རྣམས་ཀྱི་དོན་དམ་དེ། །
དད་པ་ཉིད་ཀྱིས་རྟོགས་བྱ་ཡིན། །
ཉི་མའི་དཀྱིལ་འཁོར་འོད་འབར་བ། །
མིག་མེད་པས་ནི་མཐོང་བ་མེད། །
+འདི་ལ་བསལ་བྱ་ཅི་ཡང་མེད། །
གཞག་པར་བྱ་བ་ཅུང་ཟད་མེད། །
ཡང་དག་ཉིད་ལ་ཡང་དག་ལྟ། །
ཡང་དག་མཐོང་ནས་རྣམ་པར་གྲོལ། །
+རྣམ་དབྱེར་བཅས་པའི་མཚན་ཉིད་ཅན། །
གློ་བུར་དག་གིས་ཁམས་སྟོང་གི། །
རྣམ་དབྱེར་མེད་པའི་མཚན་ཉིད་ཅན། །
བླ་མེད་ཆོས་ཀྱིས་སྟོང་མ་ཡིན། །
+སྤྲིན་དང་རྨི་ལམ་སྒྱུ་བཞིན་དེ་དང་དེར། །
ཤེས་བྱ་ཐམས་ཅད་རྣམ་ཀུན་སྟོང་པ་ཞེས། །
གསུངས་ནས་ཡང་འདིར་རྒྱལ་རྣམས་སེམས་ཅན་ལ། །
སངས་རྒྱས་སྙིང་པོ་ཡོད་ཅེས་ཅི་སྟེ་གསུངས། །
+ཡང་དག་མཐའ་ནི་འདུས་བྱས་ཀྱིས། །
རྣམ་པ་ཐམས་ཅད་དབེན་པ་སྟེ། །
ཉོན་མོངས་ལས་དང་རྣམ་སྨིན་དོན། །
སྤྲིན་ལ་སོགས་པ་བཞིན་དུ་བརྗོད། །
+ཉོན་མོངས་སྤྲིན་འདྲ་བྱ་བ་ཡིན། །
ལས་ནི་རྨི་ལམ་ལོངས་སྤྱོད་བཞིན། །
ཉོན་མོངས་ལས་ཀྱི་རྣམ་པར་སྨིན། །
ཕུང་པོ་སྒྱུ་མ་སྤྲུལ་པ་བཞིན། །
+ཤེས་བྱ་མཐར་ཐུག་རྟོགས་པའི་བློས། །
ཐམས་ཅད་མཁྱེན་པའི་ཆོས་ཉིད་ནི། །
སེམས་ཅན་ཐམས་ཅད་ལ་ཡོད་པར། །
མཐོང་ཕྱིར་ཇི་སྙེད་ཡོད་པ་ཉིད། །
+སྔར་ནི་དེ་ལྟར་རྣམ་བཞག་ནས། །
སླར་ཡང་བླ་མའི་རྒྱུད་འདིར་ནི། །
ཉེས་པ་ལྔ་དག་སྤང་བའི་ཕྱིར། །
ཁམས་ཡོད་ཉིད་ཅེས་བསྟན་པ་ཡིན། །
+འདི་ལྟར་དེ་ནི་མ་ཐོས་པར། །
བདག་ལ་བརྙས་པའི་ཉེས་པ་ཡིས། །
སེམས་ནི་ཞུམ་པ་འགའ་ཞིག་ནས། །
བྱང་ཆུབ་སེམས་ནི་སྐྱེ་མི་འགྱུར། །
+གང་ལ་བྱང་ཆུབ་སེམས་སྐྱེས་པས། །
བདག་ནི་མཆོག་ཅེས་རློམ་པ་ན། །
བྱང་ཆུབ་སེམས་མ་སྐྱེས་པ་ལ། །
དམན་པའི་འདུ་ཤེས་རབ་ཏུ་འཇུག །
+དེ་ལྟར་སེམས་པ་དེ་ལ་ནི། །
ཡང་དག་ཤེས་པ་མི་སྐྱེ་བ། །
དེས་ན་ཡང་དག་མིན་འཛིན་ཅིང་། །
ཡང་དག་དོན་ནི་རིག་མི་འགྱུར། །
+བཅོས་མ་གློ་བུར་བ་ཉིད་ཕྱིར། །
སེམས་ཅན་སྐྱོན་དེ་ཡང་དག་མིན། །
ཡང་དག་ཉེས་དེ་བདག་མེད་པ། །
ཡོན་ཏན་རང་བཞིན་དག་པ་ཡིན། །
+ཡང་དག་མིན་པའི་ཉེས་འཛིན་ཅིང་། །
ཡང་དག་ཡོན་ཏན་སྐུར་འདེབས་པ། །
བློ་ལྡན་བདག་དང་སེམས་ཅན་ལ། །
མཚུངས་མཐོང་བྱམས་པ་ཐོབ་མི་འགྱུར། །
+འདི་ལྟར་དེ་ནི་ཐོས་པ་ལས། །
སྤྲོ་དང་སྟོན་པ་བཞིན་གུས་དང་། །
ཤེས་རབ་ཡེ་ཤེས་བྱམས་ཆེན་སྐྱེ། །
ཆོས་ལྔ་སྐྱེ་ཕྱིར་དེ་ལས་ནི། །
+ཁ་ན་མ་ཐོ་མེད་མཚུངས་ལྟ། །
སྐྱོན་མེད་ཡོན་ཏན་ལྡན་པ་དང་། །
བདག་དང་སེམས་ཅན་མཚུངས་བྱམས་ལས། །
སངས་རྒྱས་ཉིད་ནི་མྱུར་དུ་འཐོབ། །
+དེ་ལྟར་རྟོགས་པ་གང་ཡིན་དེ། །
སོ་སོ་རང་ཤེས་མཐོང་བ་ཉིད། །
དྲི་མེད་དབྱིངས་ལ་ཆགས་མེད་དང་། །
ཐོགས་མེད་ཕྱིར་དེ་དག་པ་ཡིན། །
+ཡེ་ཤེས་གཟིགས་པ་དག་པས་ན། །
སངས་རྒྱས་ཡེ་ཤེས་བླ་མེད་ཕྱིར། །
འཕགས་པ་ཕྱིར་མི་ལྡོག་པ་ནི། །
ལུས་ཅན་ཀུན་གྱི་སྐྱབས་ཡིན་ནོ། །
+སྟོན་པ་བསྟན་པ་བསླབ་དོན་གྱིས། །
ཐེག་པ་གསུམ་དང་བྱེད་གསུམ་ལ། །
མོས་པ་རྣམས་ཀྱི་དབང་བྱས་ནས། །
སྐྱབས་གསུམ་རྣམ་པར་བཞག་པ་ཡིན། །
+འདི་དག་རང་མཚན་ཉིད་ཀྱི་རྗེས་འབྲེལ་བ། །

གོ་རིམས་ཇི་བཞིན་གཟུངས་ཀྱི་རྒྱལ་པོའི་མདོར། །

གླེང་གཞི་ལས་ནི་གནས་གསུམ་རིག་བྱ་སྟེ། །

བཞི་ནི་བློ་ལྡན་རྒྱལ་ཆོས་དབྱེ་བ་ལས། །

+སྤང་ཕྱིར་བསླུ་བའི་ཆོས་ཅན་ཕྱིར། །
མེད་ཕྱིར་འཇིགས་དང་བཅས་པའི་ཕྱིར། །
ཆོས་རྣམས་གཉིས་དང་འཕགས་པའི་ཚོགས། །
གཏན་གྱི་སྐྱབས་མཆོག་མ་ཡིན་ནོ། །