Property:Glossary-DefinitionDKTDC

From Buddha-Nature

This is a property of type Text.

Showing 6 pages using this property.
d
གསང་སྔགས་རྙིང་མའི་ཆོས་ཀྱི་སྙིང་པོ་མན་ངག་རྫོགས་པ་ཆེན་པོ། དེ་ལ་ནང་གསེས་ཀྱིས་ཕྱེ་ན། སེམས་སྡེ། ཀློང་སྡེ། མན་ངག་གི་སྡེ་བཅས་གསུམ་ཡོད། ༡ སེམས་སྡེ། འདི་ལ་མ་བུ་བསྡོམས་པའི་བཅོ་བརྒྱད་ཡོད་པ་ལས་ལྔ་ནི་ལོ་ཆེན་བཻ་རོ་ཙཱ་ན་དང་། བཅུ་གསུམ་ནི་པཎ་ཆེན་བི་མ་ལ་ལས་བརྒྱུད་པ་ཡིན་ལ་རྫོགས་པ་ཆེན་པོ་སེམས་ཕྱོགས་སུ་གྲགས་པ་ནི། ལོ་ཆེན་བཻ་རོ་ཙ་དང་གཡུ་སྒྲ་སྙིང་པོ་གཉིས་ལ་གཉགས་ཛྙ་ན་ཀུ་མ་རས་ཞུས། ཁོང་ལ་བཀའ་ཡི་ཆུ་བོ་ཆེན་པོ་བཞི་འདུས་ཤིང་སློབ་མའི་མཆོག་བཅུ་ལ་སོགས་པ་བྱུང་བ་ནས་སོག་པོ་སངས་རྒྱས་ཡེ་ཤེས་སོགས་ལ་བརྒྱུད་ནས་བྱུང་བ་ཡིན། ཡང་ལོ་ཆེན་བཻ་རོ་ཙ་ནའི་སློབ་མ་སྤངས་སངས་རྒྱས་མགོན་པོས་རྦ་རཀྵི་ཏ་ལ་གསུངས། དེས་ཡ་ཟི་དར་མ་ཤེས་རབ་སོགས་ནས་བརྒྱུད་པ་དང་། ཡང་། བཻ་རོ་ཙ་ནས་ཇོ་མོ་སྒྲེ་མོ་ལ་གསུངས་པ་སོགས་བརྒྱུད་པ་མི་འདྲ་བ་ཡོད། འདིའི་ལྟ་གྲུབ་ནི། རང་བྱུང་གི་ཡེ་ཤེས་ཆོས་ཉིད་ཀུན་ཏུ་བཟང་པོའི་ཀློང་དུ་ཆོས་ཅན་གྱི་སྣང་མ་ཐམས་ཅད་རང་སྣང་བཀོད་པའི་གྲྱན་ཙམ་ལས་འཆིང་གྲོལ་དང་། ཤར་བྱ་ཤར་བྱེད་དུ་མ་གྲུབ་པས།་ཡོད་མེད་དང་། ཡིན་མིན་གང་དུའང་མི་དཔོད་པར་ཡེ་གྲོལ་ཕྱོགས་འབྱམས་ཆེན་པོ་གཏན་ལ་འབེབས་པ་དེ་ཡིན། ༢ ཀློང་སྡེ། རྫོགས་པ་ཆེན་པོ་ཀློང་སྡེ་ནི་པཎ་ཆེན་བི་མ་ལ་ལས་བྱུང་། དེས་(དཔལ་ནམ་མཁའ་དང་མཉམ་པའི་རྒྱུད་)ཀྱི་དོན་ཀློང་དགུས་བསྟན་པ་དང་(ཡེ་ཤེས་གསང་བ་)ལ་སོགས་པའི་རྒྱུད་ལ་བརྟེན་ནས་རྡོ་རྗེ་བ་པའི་མན་ངག་རྣམས་བཻ་རོ་ཙ་ནས་དཔང་མི་ཕམ་མགོན་པོ་ལ་གསུངས་པ་(༦༨༡)་རྣམས་རིམ་གྱིས་འཛིང་དྷ་རྨ་བོ་དྷི་སོགས་ནས་རིམ་གྱི་བརྒྱུད་པ་ལས་འཕེལ་རྒྱས་བྱུང་འདིའི་ལྟ་གྲུབ་ནི་སེམས་ཉིད་རང་བྱུང་གི་ཡེ་ཤེས་ཀྱིས་འཁོར་འདུས་ཀུན་ལ་ཁྱབ་ཀྱང་སྣང་བ་དངོས་པོར་རྒྱ་མ་ཆད།་། སྟོང་པ་དངོས་མེད་དུ་རྒྱ་མ་ཆད།གཉིས་པ་མ་ཡིན་པ་ཟུང་འཇུག་གི་ཕྱོགས་སུ་འང་མང་ལྷུང་ལ་ངོ་བོ་སྟོང་པས་རྟག་པའི་མཐའ་ལས་གྲོལ་ཞིང་རང་རྩལ་མག་འགག་པས་ཆད་པའི་མཐའ་ལས་གྲོལ་བས་བྱ་བྲག་བདེ་སྡུག་ལས་འདས་པའི་ལྟ་བ་གཏན་ལ་འབེབས་པར་བྱེད་པ་དེ་ཡིན། ༣ མན་ངན་སྡེ་སྙིང་ཏིག་གི་སྐོར་རྣམས་ཏེ་སློབ་དཔོན་པདྨ་འབྱུང་གནས་ནས་བརྒྱུད་པའི་མན་ངག་མཁའ་འགྲོ་སྙིང་ཏིག་དང་པན་ཆེན་བི་མ་ལ་མི་ཏྲ་ནས་བརྒྱུད་པའི་བི་མ་སྙིང་ཏིག་སོགས་ཡིན་ཞིང་འདིའི་ལྟ་སྒྲུབ་ནི་འཁར་འདས་སྤང་བླང་དང་བྲལ་ཞིང་རེ་དོགས་ཕྱོགས་ལྷུང་ལས་བརྒལ་ནས་བློ་དང་ཡིད་དཔྱོད་ལས་འདས་པའི་ཆོས་ཉིད་དེ་གཞི་དབྱིངས་ཀ་དག་མཁྲེགས་ཆོད་དང་ལམ་སྣང་ལྷུན་གྲུབ་ཐོད་རྒལ་བསྒོམས་པས་བློ་འདས་རང་བྱུང་གི་ཡེ་ཤེས་སྐད་ཅིག་ལ་འཆར་བར་བྱེད་པ་དེ་ཡིན་ཡང་དེ་ལས་ཟབ་པའི་རྫོགས་པ་ཆེན་པོ་ཉིང་ཏིག་ནི་པཎ་ཆེན་བི་མ་ལ་མི་ཏྲ་(སྔ་མ་)བོད་དུ་བྱོན་སྐབས་རྒྱལ་པོ་ཁྲི་སྲོང་ལྡེ་བཙན་དང་མྱང་ཏིང་འཛིན་བཟང་པོ་གཉིས་ལ་གསུངས་ཤིང་མྱང་གིས་དབུ་རུ་འབྲི་གུང་ཝ་ཡི་ལྷ་ཁང་དུ་གཏེར་དུ་སྦས་ནས་ཆིག་བརྒྱུད་ཀྱི་མན་ངག་རྣམས་འབྲོམ་རིན་ཆེན་འབར་ལ་གསུངས་པ་ལས་རིམ་པར་བརྒྱུད་ལྕེ་བཙུན་སེང་གེ་དབང་ཕྱུག་བར་བྱུང་དེས་གདམས་ངག་རྣམས་གཏེར་ཁ་གསུམ་དུ་སྦས་པ་ལས་རོང་སྣར་མདའི་ལྕེ་སྒོམ་ནག་པ་དང་མལ་དྲོ་འཆད་པ་སྟག་གི་ཤངས་པས་པ་ཡར་འབྲོག་གཡུ་མཚོའི་འགྲམ་དུ་འཁྲུངས་པའི་ཞང་བཀྲ་ཤིས་རྡོ་རྗེ་རྣམས་ཀྱིས་གཏེར་ནས་བཏོན་ཏེ་མན་ངག་རྣམས་རིམ་བཞིན་ཀུན་མཁྱེན་ཀློང་ཆེན་པའི་བར་དུ་བྱུང་ཀུན་མཁྱེན་ཀློ་ཆེན་པས་རྫོགས་པ་ཆེན་པོ་སྙིང་ཐིག་གི་ཆོས་སྐོར་རྣམས་གཞུང་དང་མན་ངག་གང་ཅིའི་ཐད་ནས་དར་རྒྱས་སུ་མཛད་པས་བོད་ཡོངས་སུ་ཀློང་ཆེན་སྙིང་ཏིག་ཅེས་གྲགས་པ་འདི་བྱུང་། ཡང་མཁའ་འགྲོ་སྙིང་ཏིག་ནི། སློབ་དཔོན་དགའ་རབ་རྡོ་རྗེ་ནས་རིག་འཛིན་ཤཱི་སིང་ཧ་ལ་གནང་དེ་ལ་སློབ་དཔོན་ཆེན་པོ་པདྨ་འབྱུང་གནས་ཀྱིས་གསན་ནས་བོད་དུ་མཁའ་འགྲོ་ཡེ་ཤེས་མཚོ་རྒྱལ་ལ་གནང་དེས་གཏེར་དུ་སྦས་པ་རྣམས་གཏེར་སྟོན་པདྨ་ལས་འབྲེལ་རྩལ་གྱིས་གཏེར་ནས་བཏོན་ཏེ་རྒྱལ་སྲས་ལེགས་པ་རྒྱལ་མཚན་སོགས་ནས་རིམ་པར་བརྒྱུད་དེ་དར་རྒྱས་སུ་བྱུང་བ་ཡིན་ལོ་རྒྱུས་ཞིབ་པ་ཐུབ་བསྟན་འོད་གསལ་བསྟན་པའི་ཉི་མས་མཛད་པའི་(གནང་ཆེན་སྔ་འགྱུར་ངེས་དོན་ཟབ་མོའི་ཆོས་འབྱུང་)དང་ནམ་པ་མཁའ་སྤྱོད་ཀྱིས་མཛད་པའི་(གཏེར་མའི་ལོ་རྒྱུས་གཏེར་སྟོན་ཆོས་འབྱུང་)ཀོང་སྤྲུལ་ཡོན་ཏན་རྒྱ་མཚོས་མཛད་པའི་(གཏེར་སྟོན་བརྒྱ་རྩའི་རྣམ་ཐར་)བཅས་སུ་གསལ།།  
l
སངས་རྒྱས་ཆོས་ལུགས་ཀྱི་གཞུང་ནས་བཤད་པའི་ཆོས་ཀྱི་ནང་དོན་རྣམས་གོ་རིམ་ཡོད་པའི་སྒོ་ནས་རང་ཉིད་ཀྱི་བསམ་བློའི་གོ་རྟོགས་དང་བསྟུན་ཏེ་བློ་སྦྱོང་བ།  +
n
འདི་ནི་སྐུ་གསུམ་གྱི་ནང་གི་སྤྲུལ་སྐུ་སྟེ། སངས་རྒྱས་རྣམས་རང་ཉིད་སངས་རྒྱས་ཟིན་པའི་རྗེས་སུ་སེམས་ཅན་གྱི་དོན་དུ་གང་ལ་གང་འཚམས་པའི་སྤྲུལ་པ་སྣ་ཚོགས་བསྟན་ནས་དོན་མཛད་པ།  +
s
ཁྱད་ཆོས་ལྔ་དང་ལྡན་པའི་སངས་རྒྱས ༡་སྐུ་ངེས་པ། མཚན་བཟང་པོ་སོ་གཉིས་དང་དཔེ་བྱད་བཟང་པོ་བརྒྱད་ཅུས་སྤྲས་པ། ༢་འཁོར་ངེས་པ། བྱམས་སེམས་འཕགས་པ་ཤ་སྟག་གི་དབུས་སུ་བཞུགས་པ། ༣་གནས་ངེས་པ། སངས་རྒྱས་ཀྱི་ཞིང་འོག་མིན་ཁོ་ནར་བཞུགས་པ། ༤་ཆོས་ངེས་པ། ཐག་པ་ཆེན་པོའི་ཆོས་ཁོ་ན་གསུངས་པ། ༥་དུས་ངེས་པ། འཁོར་བ་མ་སྟོངས་ཀྱི་བར་དུ་སེམས་ཅན་གྱི་འགྲོ་དོན་མཛད་པ་བཅས། ལོངས་སྤྱོད་རྫོགས་པའི་སྐུའི་སྒྲ་བཤད་ནི། ཐེག་པ་ཆེན་པོའི་ཆོས་ལ་རྫོགས་པར་ལོངས་སྤྱོད་པའི་རྟེན་ཡིན་པས་སོ། ། (མངོན་རྟོགས་རྒྱན་)ལས། ཐེག་ཆེན་ཉེ་བར་ལོངས་སྤྱོད་ཕྱིར། །ཐུབ་པའི་ལོངས་སྤྱོད་རྫོགས་སྐུ་བཞེད། །ཅེས་གསུངས། བྱེ་བྲག་སྨྲ་བས་འོག་མིན་སྟུག་པོ་དང་ལོངས་སྐུའི་རྣམ་གཞག་ཁས་མི་ལེན་ཏེ། དེ་གཉིས་འཁོར་བ་མ་སྟོངས་ཀྱི་བར་དུ་རྒྱུན་གནས་པའི་རྟག་པར་སྣང་བ་དང་འདུས་བྱས་མི་རྟག་པར་གསུངས་པ་གཉིས་འགལ་བ་ཡིན་ཞེས་ཁས་མི་ལེན་ནོ།། ཞིབ་པར་སློབ་དཔོན་ཟླ་བ་གྲགས་པས་མཛད་པའི་(དབུ་མ་འཇུག་པ་)སེམས་བསྐྱེད་བཅུ་པ་དང་། དེའི་འགྲེལ་པ་རྒྱ་གར་དང་བོད་ཀྱི་མཁས་པས་མཛད་པ་མང་པོ་ཡོད་པས་དེ་རྣམས་སུ་གཟིགས།  +
v
གསང་སྔགས་ཀྱི་ལམ་ལ་གོ་དགོས། དེ་ཡང་རྒྱུད་སྡེ་བཞི་ནས་བཤད་འི་ལམ་གྱི་རིམ་པ་རྣམས་ཡིན། ཐེག་པ་དང་ལམ་གཉིས་སྤྱི་དང་བྱེ་བྲག་ཡིན་པས་ཁྱབ་ཆེ་ཆུང་ཡོད།  +
རང་ཉིད་ཀྱི་སེམས་རྒྱུད་འདུལ་བའི་ཆེད་དུ་ལུས་ངག་གཉིས་ཀྱི་ཉེས་སྤྱོད་འགོག་པར་བྱེད་པའམ་(དེ་ལ་ནང་གསེས་ཀྱིས་ཕྱེ་ན་ཉན་ཐོས་ཀྱི་འདུལ་བ་དང་།་བྱང་ཆུབ་སེམས་དཔའི་འདུལ་བ།་གསང་སྔགས་ཀྱི་འདུལ་བ་བཅས་གསུམ་ཡོད་)འདུལ་བའི་སྡེ་སྣོད་ནི་ལྷག་པ་ཚུལ་ཁྲིམས་ཀྱི་བསླབ་པ་(ཆོས་སྒོར་ཞུགས་པའི་དགེ་བསྙེན་དང་།་རང་བྱུང་དགེ་ཚུལ།་དགེ་སློང་རྣམས་ཀྱི་བསླབ་ཁྲིམས་)བརྗོད་བྱའི་གཙོ་བོར་བྱས་ནས་སྟོན་པའི་སྡེ་སྣོད་ལ་ཟེར་ཞིང་(༨༢)་བཀའ་འགྱུར་གྱི་ནང་(འདུལ་བ་ལུང་སྡེ་བཞི་)ལ་པོད་བཅུ་གསུམ་ཡོད་དེ་ཡང་(འདུལ་བ་ལུང་གཞི་)(ཀ)(ཁ)(ག)(ང)བར་པོད་བཞི་དང་བམ་པོ་བརྒྱ་དང་དགུ་ཤོ་ལོ་ཀ་སུམ་ཁྲི་ཉིས་སྟོང་བདུན་བརྒྱ་ལུང་རྣམ་འབྱེད་ལས་(དགེ་སློང་ཕའི་སོ་ཐར་གྱི་མདོ་)དང་(དགེ་སློང་མའི་སོ་ཐར་གྱི་མདོ་)སོ་སོར་བམ་པོ་གཉིས་རེ་བཅས་ཡོད་(ལུང་ཕྲན་ཚེགས་)པོད་(ཐ)(ད)བཅས་པོད་གཉིས་དང་བམ་པོ་ལང་བཅུ་ང་དགུ་ལོ་ཁོ་ཅི་ཆིག་ཁྲི་བདུན་སྟོང་བརྒྱད་བརྒྱ་གཞུང་དམ་པའམ་གཞུང་བླ་མ་)ལ་པོད་(ན)(པ)གཉིས་བཅས་ཁྱོན་བཅུ་གསུམ་ཡོད་འདིར་བསྟན་འགྱུར་ཁོངས་སུ་ཡོད་པ་རྣམས་བཀའ་བསྡུས་པའི་ཁོངས་སུ་མ་བཏོགས་པས་རྩིས་མེད།  +