Verse I.4
Verse I.4 Variations
།སངས་རྒྱས་ནས་ནི་མ་རྟོགས་རྟོགས་ཕྱིར་འཇིག་མེད་རྟག་པའི་ལམ་སྟོན་པ།
།མཁྱེན་བརྩེའི་རལ་གྲི་རྡོ་རྗེ་མཆོག་བསྣམས་སྡུག་བསྔལ་མྱུ་གུ་གཅོད་མཛད་ཅིང་།
།སྣ་ཚོགས་ལྟ་ཐིབས་ཀྱིས་བསྐོར་ཐེ་ཚོམ་རྩིག་པ་འཇིག་མཛད་དེ་ལ་འདུད།
- À celui qui, de lui-même, s’est éveillé à la paisible bouddhéité
- dépourvue de commencement, de milieu et de fin,
- Qui, pleinement éveillé, montre la voie indestructible et éternelle
- pour que les non-réalisés se réalisent,
- Qui brandit le vajra suprême, l’épée de la sagesse et de la compassion,
- et tranche les pousses de la souffrance.
- À lui qui abat le mur des doutes cerné par la jungle des vues,
- je rends hommage.
RGVV Commentary on Verse I.4
Tibetan
English
Sanskrit
Chinese
Full Tibetan Commentary
Full English Commentary
Full Sanskrit Commentary
Full Chinese Commentary
།ད་ནི་ཚིགས་སུ་བཅད་པ་རྣམས་ཀྱི་དོན་བརྗོད་པར་བྱ་སྟེ། སེམས་ཅན་གང་དག་དེ་བཞིན་གཤེགས་པས་བཏུལ་བ་དེ་དག་དེ་བཞིན་གཤེགས་པ་ལ་སྐྱབས་སུ་འགྲོའོ། །ཆོས་ཉིད་ཀྱི་རྒྱུ་མཐུན་པའི་དང་བས་ཆོས་དང་དགེ་འདུན་ལ་{br}ཡང་སྐྱབས་སུ་འགྲོའོ། །དེས་ན་དེ་དང་པོ་ཉིད་ཡིན་པས་ན་སངས་རྒྱས་དཀོན་མཆོག་གི་དབང་དུ་བྱས་ཏེ། ཚིགས་སུ་བཅད་པ། གང་ཞིག་ཐོག་མ་དབུས་མཐའ་མེད་ཞི་སངས་རྒྱས་ཉིད་རང་རྣམ་སངས་རྒྱས། །སངས་རྒྱས་ནས་ནི་མ་རྟོགས་རྟོགས་ཕྱིར་འཇིག་མེད་རྟག་པའི་{br}ལམ་སྟོན་པ། །མཁྱེན་བརྩེའི་རལ་གྲི་རྡོ་རྗེ་མཆོག་བསྣམས་སྡུག་བསྔལ་མྱུ་གུ་གཅོད་མཛད་ཅིང་། །སྣ་ཚོགས་ལྟ་ཐིབས་ཀྱིས་བསྐོར་ཐེ་ཚོམ་རྩིག་པ་འཇིག་མཛད་དེ་ལ་འདུད།