Property:Tibetan

From Buddha-Nature

This is a property of type Text.

Showing 20 pages using this property.
T
ཇི་ལྟར་སྲོག་ཆགས་སྦྲང་མ་ནི། །
ཤིན་ཏུ་འཁྲུགས་ཏེ་མདུང་བརྡེག་ལྟར། །
དེ་བཞིན་ཞེ་སྡང་སྐྱེ་བས་ན། །
སྙིང་ལ་སྡུག་བསྔལ་སྐྱེད་པར་བྱེད། །  +
ཇི་ལྟ་འབྲས་སོགས་སྙིང་པོ་ནི། །
ཕྱི་རོལ་སྦུན་པས་བསྒྲིབས་པ་ལྟར། །
དེ་བཞིན་སྙིང་པོའི་དོན་མཐོང་བ། །
མ་རིག་སྒོ་ངའི་སྦུབས་ཀྱིས་བསྒྲིབས། །  +
ཇི་ལྟར་མི་གཙང་མི་མཐུན་པ། །
དེ་བཞིན་ཆགས་དང་བཅས་རྣམས་ཀྱི། །
འདོད་པ་བསྟེན་པའི་རྒྱུ་ཡིན་ཕྱིར། །
ཀུན་ནས་ལྡང་བ་མི་གཙང་འདྲ། །  +
ཇི་ལྟར་ནོར་ནི་བསྒྲིབས་པས་ན། །
མི་ཤེས་གཏེར་མི་ཐོབ་པ་ལྟར། །
དེ་བཞིན་སྐྱེ་ལ་རང་བྱུང་ཉིད། །
མ་རིག་བག་ཆགས་ས་ཡིས་བསྒྲིབས། །  +
ཇི་ལྟར་མྱུག་སོགས་རིམ་སྐྱེ་བས། །
ས་བོན་ཤུན་པ་གཅོད་པ་ལྟར། །
དེ་བཞིན་དེ་ཉིད་མཐོང་བ་ཡིས། །
མཐོང་སྤང་རྣམས་ནི་བཟློག་པར་འགྱུར། །  +
ཇི་ལྟ་ཇི་སྙེད་ནང་གི་ནི། །
ཡེ་ཤེས་གཟིགས་པ་དག་པའི་ཕྱིར། །
བློ་ལྡན་ཕྱིར་མི་ལྡོག་པའི་ཚོགས། །
བླ་མེད་ཡོན་ཏན་དང་ལྡན་ཉིད། །  +
འཕགས་པའི་ལམ་དང་འབྲེལ་པ་ལས། །
འཇིག་ཚོགས་སྙིང་པོ་བཅོམ་རྣམས་ཀྱིས། །
བསྒོམ་ལམ་ཡེ་ཤེས་སྤང་བྱ་རྣམས། །
གོས་ཧྲུལ་དག་དང་མཚུངས་པར་བསྟན། །  +
ས་བདུན་ལ་བརྟེན་དྲི་མ་ནི། །
མངལ་སྦུབས་དྲི་མ་དག་དང་མཚུངས། །
མངལ་སྦུབས་བྲལ་འདྲ་མི་རྟོག་པའི། །
ཡེ་ཤེས་རྣམ་པར་སྨིན་པ་བཞིན། །  +
ས་གསུམ་རྗེས་འབྲེལ་དྲི་མ་རྣམས། །
ས་འདམ་གོས་བཞིན་ཤེས་བྱ་སྟེ། །
བདག་ཉིད་ཆེན་པོ་རྡོ་རྗེ་ལྟའི། །
ཏིང་ངེ་འཛིན་གྱིས་གཞོམ་བྱ་ཡིན། །  +
དེ་ལྟར་ཆགས་སོགས་དྲི་མ་དགུ། །
པདྨ་ལ་སོགས་དག་དང་མཚུངས། །
རང་བཞིན་གསུམ་གྱིས་བསྡུས་ཕྱིར་ཁམས། །
སངས་རྒྱས་སོགས་དང་ཆོས་མཚུངས་སོ། །  +
འདི་ཡི་རང་བཞིན་ཆོས་སྐུ་དང་། །
དེ་བཞིན་ཉིད་དང་རིགས་ཀྱང་སྟེ། །
དེ་ནི་དཔེ་གསུམ་གཅིག་དང་ནི། །
ལྔ་རྣམས་ཀྱིས་ནི་ཤེས་པར་བྱ། །  +
ཆོས་སྐུ་རྣམ་གཉིས་ཤེས་བྱ་སྟེ། །
ཆོས་དབྱིངས་ཤིན་ཏུ་དྲི་མེད་དང་། །
དེ་ཡི་རྒྱུ་མཐུན་ཟབ་པ་དང་། །
སྣ་ཚོགས་ཚུལ་ནི་སྟོན་པའོ། །  +
འཇིག་རྟེན་འདས་ཕྱིར་འཇིག་རྟེན་ན། །
འདི་ལ་དཔེ་ནི་མི་དམིགས་པས། །
དེ་བཞིན་གཤེགས་པ་ཉིད་དང་ཁམས། །
འདྲ་བ་ཉིད་དུ་བསྟན་པ་ཡིན། །  +
ཕྲ་མོ་ཟབ་མོའི་ཚུལ་བསྟན་ནི། །
སྦྲང་རྩི་རོ་གཅིག་པ་བཞིན་ཏེ། །
རྣམ་པ་སྣ་ཚོགས་ཚུལ་བསྟན་ནི། །
སྣ་ཚོགས་སྦུབས་སྙིང་བཞིན་ཤེས་བྱ། །  +
རང་བཞིན་འགྱུར་བ་མེད་པ་དང་། །
དགེ་དང་རྣམ་པར་དག་པའི་ཕྱིར། །
དེ་བཞིན་ཉིད་འདི་གསེར་གྱི་ནི། །
གཟུགས་དང་མཚུངས་པར་བརྗོད་པ་ཡིན། །  +
གཏེར་དང་འབྲས་བུའི་ཤིང་བཞིན་དུ། །
རིགས་དེ་རྣམ་གཉིས་ཤེས་བྱ་སྟེ། །
ཐོག་མེད་རང་བཞིན་གནས་པ་དང་། །
ཡང་དག་བླང་བ་མཆོག་ཉིད་དོ། །  +
འགྲོ་བ་ཞི་བའི་ཆོས་ཉིད་དུ། །
རྟོགས་ཕྱིར་ཇི་ལྟ་ཉིད་དེ་ཡང་། །
རང་བཞིན་གྱིས་ནི་ཡོངས་དག་ཕྱིར། །
ཉོན་མོངས་གདོད་ནས་ཟད་ཕྱིར་རོ། །  +
རིགས་འདི་གཉིས་ལས་སངས་རྒྱས་ཀྱི། །
སྐུ་གསུམ་ཐོབ་པར་འདོད་པ་ཡིན། །
དང་པོའི་སྐུ་ནི་དང་པོ་སྟེ། །
གཉིས་པ་ཡིས་ནི་ཕྱི་མ་གཉིས། །  +
ངོ་བོ་ཉིད་སྐུ་མཛེས་པ་ནི། །
རིན་ཆེན་སྐུ་འདྲར་ཤེས་བྱ་སྟེ། །
རང་བཞིན་གྱིས་ནི་བྱས་མིན་དང་། །
ཡོན་ཏན་རིན་ཆེན་གཏེར་ཡིན་ཕྱིར། །  +
ཆོས་ཆེན་རྒྱལ་སྲིད་ཆེ་ལྡན་ཕྱིར། །
རྫོགས་ལོངས་འཁོར་ལོས་སྒྱུར་བཞིན་ནོ། །
གཟུགས་བརྙན་གྱི་ནི་རང་བཞིན་ཕྱིར། །
སྤྲུལ་པ་གསེར་གྱི་གཟུགས་ལྟ་བུ། །  +